[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་དྲིལ་བསྒྲགས་བྱེད་པའི”བྱེད་སྒོ་བོད་ལྗོངས་ནང་བསྟན་སློབ་གླིང་དུ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-12

    རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ་དང་ཉེ་བའི་ལོ་ཤས་རིང་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་གྱི་གྲུབ་འབྲས་གང་ལེགས་མངོན་པར་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལ་སྐུལ་འདེད་གཏོང་ཆེད། ཚེས་9ཉིན་གྱི་ཕྱི་དྲོ། ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་བྱས་པ་དང་། ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དང་ལྗོངས་རིག་དངོས་ཅུས་ཀྱིས་མཉམ་འབྲེལ་ཐོག་གཉེར་འགན་འཁུར་བའི“མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་དྲིལ་བསྒྲགས་བྱེད་པའི”གླུ་གར་འཁྲབ་སྟོན་དང་དེ་བཞིན་དྲིལ་བསྒྲགས་བྱེད་སྒོ་བོད་ལྗོངས་ནང་བསྟན་སློབ་གླིང་དུ་སྤེལ་བས་གྲྭ་བཙུན་ཚོའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་སྲོལ་རྒྱུན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་འཁྲབ་སྟོན་བྱེད་པ་དང་། དྲིལ་བསྒྲགས་འགྲེམས་པང་བཀྲམ་པ། དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས་སྤྲོད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་རྒྱ་ཆེའི་གྲྭ་བཙུན་ཚོས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་འགན་འཁྲི་ཁུར་སེམས་ཆེ་རུ་གཏོང་བ་དང་། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་ཐད་ཐོབ་པའི་གཡུར་ཟའི་གྲུབ་འབྲས་གང་ལེགས་མངོན་པ་བྱས་ཏེ་སྤྱི་ཚོགས་ལས་རིགས་ཁག་གིས་བོད་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་ལ་ངོས་འཛིན་དང་ཤེས་རྟོགས་བྱས་ནས་མང་ཚོགས་དང་ལྷག་པར་དུ་རྒྱ་ཆེའི་གྲྭ་བཙུན་རྣམས་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ནང་ཞུགས་པའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”རིང་ད་དུང“སོར་རྩེའི་འཁྱུག་འགྲོས——སྐབས་གཉིས་པའི་བོད་ཀྱི་ཐང་གའི་མཁྱེན་བརྩེའི་ལུགས་ཀྱི་རྒྱུན་འཛིན་པའི་བརྩམས་ཆོས་འགྲེམས་སྟོན”དང“གར་ཁྲིད་སྦྱོང་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་དང་རྒྱུན་འཛིན་པས་དགེ་ཕྲུག་ཉར་བའི་མཛད་སྒོ” “ལྷ་མོ་འཁྲབ་པའི་དུས་ཚིགས” “གྲངས་གཞིའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲུབ་འབྲས་འགྲེམས་སྟོན”སོགས་མངོན་མིན་རིག་གནས་ཤུལ་བཞག་གི་དྲིལ་བསྒྲགས་འགྲེམས་སྟོན་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།