[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་དུ་གནམ་ཐང་གསུམ་གསར་དུ་བསྐྲུན་རྒྱུ་ཡིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-11

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། བོད་རང་སྐྱོང་ལྗོངས་དང་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་མཉམ་དུ་ལྷོ་ཁའི་ལྷུན་རྩེ་དང་། གཞིས་རྩེའི་དིང་རི། མངའ་རིས་ཀྱི་སྤུ་ཧྲེང་བཅས་རྫོང་གསུམ་དུ་ཡན་ལག་གནམ་ཐང་གསུམ་གསར་དུ་བསྐྲུན་རྒྱུ་བྱས་པ་རེད། གནམ་ཐང་གསུམ་པོ་དེའི་ས་བབ་མཐོ་ཚད་ཆ་སྙོམས་སྨི་3900ཡན་གྱི་ས་ཆར་གནས་པ་དང་། 2019ལོར་བསྐྲུན་འགོ་འཛུགས་རྒྱུ་རེད། དེ་དག་བསྐྲུན་རྗེས་བོད་དུ་གནམ་ཐང་གི་གྲངས་འབོར་8ཟིན་རྒྱུ་ཡིན་པས་ཡུལ་སྐོར་འགྲོ་སྐྱོད་དེ་བས་སྟབས་བདེ་རུ་འགྲོ་རྒྱུ་དང་བོད་ཀྱི་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་ཕན་པ་ཐོབ་རྒྱུ་རེད།

    མིག་སྔར། གསར་སྐྲུན་གནམ་ཐང་གསུམ་གྱི་དུས་འགོའི་ལས་དོན་སྤེལ་བཞིན་ཡོད་པ་དང་ཐོག་མའི་གནམ་ཐང་སྐྲུན་ཡུལ་གཏན་འཁེལ་རགས་ཙམ་བྱུང་བ་དང་གནམ་ཐང་སྐྲུན་ཡུལ་གྱི་སྐབས་འཕྲལ་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་བསྐྲུན་ཟིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།