[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་ཀྱི་རྟ་རྩལ་རྣམ་གྲངས་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་མཇུག་འགྲིལ་བ།

    བོད་ཀྱི་རྟ་རྩལ་རུ་ཁག་ལ་རྒྱལ་ཡོངས་ཀྱི་ཨང་དང་པོ་ཐོབ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-16

    ཤིན་ཧྭ་གསར་འགྱུར་ཁང་ཐེན་ཅིན་ནས་གློག་འཕྲིན་འབྱོར་གསལ། 2018ལོའི་རྒྱལ་ཡོངས་ཀྱི་རྟ་རྩལ་རྣམ་གྲངས་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་ཉིན་ཤས་གོང་མཇུག་འགྲིལ་ཞིང་། བོད་ཀྱི་རུ་ཁག་གིས་མཐའ་མཇུག་ཉིན་གྱི་འགྲན་རའི་འགག་སྒྲོལ་འགྲན་བསྡུར་སྐབས་སུ་རྟ་རྩལ་ཡག་པོ་བཏོན་ནས་ཀོང་ཏུང་རུ་ཁག་དང་ཅང་སུའུ་རུ་ཁག་ལས་རྣམ་པར་རྒྱལ་ཏེ་ཚོགས་པའི་ཨང་དང་པོ་བླངས་པ་དང་། ཀོང་ཏུང་རུ་ཁག་གི་རྟ་པ་ཆའོ་ལུན་པཱ་ཐེར་ལ་མི་སྒེར་གྱི་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་རེད། 

    རྟ་རྩལ་རྣམ་གྲངས་གསུམ་གྱི་འགྲན་བསྡུར་ནི་མི་རྟ་ཆ་སྒྲིག་གིས་གཟབ་མཆོར་བགྲོད་རྩལ་དང་། བྱེས་བགྲོད་འགག་སྒྲོལ། འགྲན་རའི་འགག་སྒྲོལ་བཅས་བྱེད་དགོས་པ་དང་། ཚོགས་པའི་འགྲན་བསྡུར་རིང་། གོང་གི་ཉིན་གཉིས་ཀྱི་གཟབ་མཆོར་བགྲོད་རྩལ་དང་བྱེས་བགྲོད་འགག་སྒྲོལ་འགྲན་བསྡུར་བྱས་རྗེས། ཀོང་ཏུང་རུ་ཁག་ལ་བསྡོམས་ཉེས་ཆད་སྐར་མ་104.30བཏང་ནའང་སྔར་བཞིན་ཨང་དང་པོར་གནས་པ་དང་། བོད་ཀྱི་རུ་ཁག་ཀོང་ཏུང་རུ་ཁག་ལས་ཧེ་བག་སྐར་མ་6.10ཤོར་ནས་ཨང་གསུམ་པར་སླེབས་ཡོད། ཡིན་ནའང་ཚེས་13ཉིན་གྱི་འགྲན་རའི་འགག་སྒྲོལ་འགྲན་བསྡུར་ལ་བོད་ཀྱི་རུ་ཁག་གི་མི་རྟ་ཆ་སྒྲིག་བཞིས་རྟ་རྩལ་ཡག་པོ་བཏོན་ཏེ་ཉེས་ཆད་སྐར་མ་གཅིག་ཀྱང་མ་འཁེལ་བར་འགྲན་བསྡུར་ལེགས་སྒྲུབ་བྱས་པ་དང་། ཀོང་ཏུང་རུ་ཁག་གི་མི་རྟ་ཆ་སྒྲིག་གསུམ་ལ་ཉེས་ཆད་སྐར་མ་འཁེལ་མཐར། བོད་ཀྱི་རུ་ཁག་ལ་བསྡོམས་ཉེས་ཆད་སྐར་མ་110.40གྱིས་ཨང་དང་པོར་སླེབས་པ་དང་། ཀོང་ཏུང་རུ་ཁག་ལ་བསྡོམས་ཉེས་ཆད་སྐར་མ་117.20གྱིས་ཚོགས་པའི་འགྲན་བསྡུར་གྱི་ཨང་གཉིས་པར་སླེབས་ཤིང་། ཅང་སུའུ་རུ་ཁག་དང་ཧྲང་ཧའེ་རུ་ཁག་སོ་སོར་ཨང་གསུམ་པ་དང་བཞི་པ་ཐོབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།