[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་འཐུས་མིའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་དང་པོ་སློབ་འགོ་ཚུགས་པ།

    བློ་བཟང་རྒྱལ་མཚན་གྱིས་གསུང་བཤད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-16

    ཚེས་14ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་འཐུས་མིའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་དང་པོ་དེ་ལྷ་སར་འགོ་ཚུགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་སློབ་འགོ་ཚུགས་པའི་མཛད་སྒོར་ཕེབས་ནས་གསུང་བཤད་གནང་བ་རེད།

    ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསྟན་འཛིན་རྣམ་རྒྱལ་དང་། ཞུས་ཞུའེ་ཀོང་། ཉི་མ་ཚེ་རིང་། ཅི་གོ་ཀང་བཅས་ཚོགས་འདུར་ཕེབས་པ་དང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཅུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་གཅིག་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་བསམ་བློ་ཆབ་སྲིད་ཀྱི་ཆུ་ཚད་དང་ལས་འགན་སྒྲུབ་ནུས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་དང་། གཉིས་ནས་མང་ཚོགས་ཁྲོད་ནས་ཡོང་བ་དང་མང་ཚོགས་ཁྲོད་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མང་ཚོགས་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་གྱི་ནུས་པ་གང་ལེགས་བཏོན་ནས་མང་ཚོགས་ཀྱི་རེ་འབོད་རྒྱ་ཁྱབ་ངང་ཉན་པ་དང་། མང་ཚོགས་ཀྱི་བསམ་འཆར་ཁྱོན་ཡོངས་དང་དྲང་གཞག་ངང་སྙན་སེང་ཞུ་བ། མང་ཚོགས་ཀྱི་རེ་འབོད་དང་བསམ་འཆར་མི་དམངས་འཐུས་ཚོགས་བརྒྱུད་དམངས་གཙོའི་ཐབས་ལམ་ཐོག་ནས་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ། གསུམ་ནས་འཐུས་མིའི་འགན་འཁྲི་ཁྲིམས་བཞིན་ལག་བསྟར་བྱེད་པ་དང་། ཐབས་ཇུས་ནང་ཞུགས་པ་དང་ལྟ་སྐུལ་བྱེད་པའི་ནུས་པ་གང་ལེགས་བཏོན་ཏེ་ལྷག་བསམ་རྣམ་དག་ངང་མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་མཚོན་པ་དང་། དམངས་ཀྱི་བློ་རིག་རྒྱ་ཁྱབ་ངང་གཅིག་སྡུད་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བསམ་འཆར་ཐབས་ཇུས་དང་ལྟ་སྐུལ་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་ནས་མངོན་པར་བྱེད་དགོས་པ། བཞི་ནས་གཟུགས་བརྙན་ཡག་པོ་བཏོད་དེ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ལེགས་པར་བཏོན་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྲིམས་སྐྱོང་གི་འདུ་ཤེས། མང་ཚོགས་ཀྱི་འདུ་ཤེས་བཅས་ཟབ་མོ་ཆགས་པ་བྱེད་པ་དང་བོད་ལྗོངས་འདི་ཉིད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་གདོང་ལེན་ཡག་པོ་དང་དཔེ་དམག་བཟང་པོ་ཞིག་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།