[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྐུལ་སློང་དང་བཀོད་སྒྲིག་བྱས་ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-15

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གཞི་རིམ་དང་མང་ཚོགས་ཕྱོགས་སུ་རྒྱ་སྐྱེད་དང་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་དུས་རབས་གསར་པར་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་བསམ་བློའི་རྨང་གཞི་དང་། མང་ཚོགས་ཀྱི་རྨང་གཞི། གཞི་རིམ་གྱི་རྨང་གཞི་བཅས་སྔར་བས་བརྟན་དུ་གཏོང་ཆེད། ཉིན་ཤས་བསྟུད་མར། ནག་ཆུ་གྲོང་ཁྱེར་དང་། མངའ་རིས་ས་ཁུལ། གཞིས་རྩེ་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར་བཅས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྐུལ་སློང་དང་བཀོད་སྒྲིག་ཚོགས་ཆེན་འཚོགས་ནས་ཆེད་དོན་བཀོད་སྒྲིག་དང་གནས་ཚད་མཐོ་པོས་སྐུལ་འདེད་བཏང་བ་དེ་ཐོག་ནས་འདི་ལོའི་ལྗོངས་ཡོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་མཚོན་ཡོད། 

    ཚེས་6ཉིན་ནག་ཆུ་གྲོང་ཁྱེར་གྱིས་2018ལོའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཚོགས་ཆེན་འཚོགས་ཤིང་། ཚོགས་འདུའི་ཐོག་དྲིལ་བསྒྲགས་སློབ་གསོར་དམ་འཛིན་ནན་པོ་བྱེད་པ་དང་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་གཅིག་སྡུད་སྒྲོག་འགྲེལ་བྱེད་པ་དང《སྒྲོག་འགྲེལ་གྱི་རྩ་གནད》ལ་ནན་པོར་གཞིགས་ནས་ཇི་མ་ཇི་བཞིན་དུས་མཚམས་དང་མཚམས་ཚིགས་དབྱེ་ནས་སྒྲོག་འགྲེལ་བྱེད་དགོས་པ་དང་སྒྲོག་འགྲེལ་གྱི་ཐོན་ཁུངས་བསྡུ་སྒྲིལ་དང་། སྒྲོག་འགྲེལ་གྱི་སྟོབས་ཤུགས་གཅིག་སྒྲིལ། སྟོབས་ནུས་ལྡན་པའི་སྒྲོག་འགྲེལ་དཔུང་ཁག་སྒྲིག་འཛུགས་ཀྱིས་རྫོང(ཆུས)ཁག་ཏུ་དཔེ་སྟོན་སྒྲོག་འགྲེལ་བྱེད་པར་སྐྱོད་དགོས། རྫོང(ཆུས)དང་ཤང(གྲོང་རྡལ)ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རྐང་འཛིན་སྒྲོག་འགྲེལ་པ་དང་། ལས་བྱེད་པ་རྒན་གྲས། གྲོང་སྡོད་དང་དགོན་སྡོད་ལས་བྱེད་པ། གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ། ཞིང་འབྲོག་པ་སྒྲོག་འགྲེལ་པ། གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མི། སློབ་གྲྭ་འབྲིང་ཆུང་གི་ཀུན་སྤྱོད་སློབ་གསོའི་དགེ་རྒན། རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན། ཕུལ་བྱུང་ཁེ་ལས་ཀྱི་ལས་བཟོ་སོགས་ལ་བརྟེན་ནས་སྒྲོག་འགྲེལ་ཚོགས་པ(རུ་ཁག)སྒྲིག་འཛུགས་ཀྱིས་ཞིང་འབྲོག་ཁུལ་དང་། གྲོང་ཁྱེར་དང་སྡེ་ཁུལ། སློབ་གྲྭའི་སློབ་ཁང་། དགོན་སྡེའི་གྲྭ་ཤག བཟོ་གྲྭ་དང་ཁེ་ལས་བཅས་སུ་སྐྱོད་དེ་གཅིག་སྡུད་སྒྲོག་འགྲེལ་ཡོང་ཁྱབ་ངང་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 

    ཉེ་དུས་མངའ་རིས་ས་ཁུལ་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྐུལ་སློང་དང་བཀོད་སྒྲིག་ཚོགས་ཆེན་འཚོགས་ཤིང་། མངའ་རིས་ས་ཁུལ་གྱིས་བསམ་བློའི་ངོས་འཛིན་སླར་ཡང་མཐོ་རུ་གཏོང་བ་དང་། དམིགས་ཚད་ལས་འགན་སླར་ཡང་ཁ་གསལ་བཟོ་བ། རྩ་འཛུགས་ཀྱི་འགོ་ཁྲིད་སླར་ཡང་སྟོབས་ཆེར་གཏོང་བ། སྒྲོག་འགྲེལ་གྱི་ནང་དོན་སླར་ཡང་ཕུན་སུམ་ཚོགས་སུ་གཏོང་བ། སྒྲོག་འགྲེལ་བྱེད་ཐབས་སླར་ཡང་ཚན་རིག་དང་མཐུན་པ། བྱེད་སྒོའི་གཞི་རྟེན་སླར་ཡང་གསར་གཏོད་བྱེད་པ། སྒྲིག་སྲོལ་ལམ་ལུགས་སླར་ཡང་ཚད་ལྡན་བཟོ་བ་སོགས་ཕྱོགས་བདུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཡག་པོ་སྤེལ་ཐུབ་པ་བྱ་རྒྱུ་རེད། 

    ཚེས་7ཉིན་གཞིས་རྩེ་གྲོང་ཁྱེར་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྐུལ་སློང་དང་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ལས་དོན་ལ་ཕྱོགས་བསྡོམས་དང་། དུས་བབ་ལ་དབྱེ་ཞིབ། ལས་འགན་བཀོད་སྒྲིག་བཅས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་། བསམ་པའི་ཉམས་འགྱུར་བཟང་པོ། ལས་ཀའི་སྤྱོད་ཚུལ་བཟང་པོ་བཅས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་པ་དང་ལག་ལེན་བྱེད་སྒོ་གཏིང་ཟབ་ཀྱི་ཕྱོགས་སུ་རྒྱ་སྐྱེད་དང་སྣུར་སྲིང་བྱས་ཏེ་སྐས་རིམ་གསར་པ་དང་ཆུ་ཚད་གསར་པའི་ཐོག་སླར་ཡང་སྐྱོད་དགོས་པའི་འབོད་སྐུལ་བྱས་ཡོད། 

    ཚེས་9ཉིན་ཆབ་མདོ་གྲོང་ཁྱེར་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྐུལ་སློང་དང་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་གྲུབ་འབྲས་ལ་ཕྱོགས་བསྡོམས་དང་དུས་བབ་ལ་དབྱེ་ཞིབ་བྱས་ཏེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་འཛིན་པའི་ངོས་འཛིན་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་། གཙོ་རྐང་ལ་དམ་པོར་དམིགས་པ་དང་ལས་འགན་ཁ་གསལ་བཟོས་ནས་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྤྱིའི་བླང་བྱ་ཁོང་དུ་ཏན་ཏིག་ཆུད་པ་བྱེད་པ། གཙོ་གནད་མངོན་གསལ་དོད་པ་དང་སྒྲོག་འགྲེལ་བྱེད་ཤུགས་ཆེ་རུ་བཏང་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་བ། འགག་རྩར་དམ་འཛིན་དང་ལག་ལེན་གཏིང་ཟབ་བྱས་ཏེ“ཟུང་འབྲེལ”གྱི་ལས་དོན་ཡག་པོ་སྒྲུབ་པ། མང་ཚོགས་ལ་གཞིགས་ནས་སྲིད་ཇུས་སྤྱོད་པ་དང་སྒྲིག་སྲོལ་ལམ་ལུགས་བཟོས་ཏེ་སློབ་གསོ་ལག་ལེན་བྱེད་སྒོའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་སྣོན་ཏན་ཏིག་རྒྱག་པ། ཚད་མཐོའི་མཐོང་ཆེན་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཆབ་སྲིད་ལ་སྣང་ཆེན་ཏན་ཏིག་བྱེད་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 

    མིག་སྔར་གྲོང་ཁྱེར་དང་ས་ཁུལ་རིམ་པའི་སྐུལ་སློང་དང་བཀོད་སྒྲིག་བྱས་ཟིན་པ་མ་ཟད། རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་ཚོགས་པའི་དུས་ཐེངས་དང་པོའི་གསོ་སྦྱོང་ཡང་བྱས་ཟིན་ནས་རྫོང་ཆུས)དང་། ཤང(གྲོང་རྡལ) སློབ་གྲྭ་ཁག དགོན་སྡེ་ཁག གཞུང་ཁོངས་ཁེ་ལས་ཁག་བཅས་ཀྱིས་རིམ་པ་བཞིན་སྐུལ་སློང་དང་བཀོད་སྒྲིག་གི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། བྱེད་སྒོ་སྤེལ་རིང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་གཙོ་རྐང་དེའི་མགོ་ནས་མཇུག་བར་ཁྱབ་པ་བྱས་ཏེ་མུ་མཐུད་ཞིང་འབྲོག་མང་ཚོགས་དང་། གཞོན་ནུ་ལོ་ཆུང་སློབ་མ། དགོན་སྡེའི་གྲྭ་བཙུན། གཞུང་ཁོངས་ཁེ་ལས་ཀྱི་ལས་བཟོ་བཅས་སློབ་གསོ་སྤེལ་ཡུལ་གཙོ་བོར་བྱས་ནས་སྒྲོག་འགྲེལ་སློབ་གསོ་དང་། ལག་ལེན་གྱི་བྱེད་སྒོ། སྒྲིག་སྲོལ་ལམ་ལུགས་བཅས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་བསམ་བློའི་ངོས་འཛིན་དང་། བྱེད་སྒོའི་ནང་དོན། ལག་ལེན་བསྟར་ཐབས་བཅས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མི་རིགས་ཁག་གི་མང་ཚོགས་ཚོས་རྟོགས་ཐུབ་པ་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་མི་རིགས་ཁག་གི་མང་ཚོགས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བ་བྱས་ནས་བོད་ཀྱི་བྱ་བ་ཡག་པོ་སྒྲུབ་པ་དང་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་གཅིག་སྒྲིལ་ཐུབ་པ་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།