[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་གྱིས་གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-15

    འདི་ལོ་ཚུན་དུ། ཆབ་མདོ་གྲོང་ཁྱེར་གྱིས་ཏང་གི་ཡུན་རིང་སྲིད་སྐྱོང་འཇོན་ཐང་ཆེ་རུ་གཏོང་བ་དང་། སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་གཏོད་རྒྱུ་གཙོ་རྐང་དུ་བྱེད་པ། “ཏང་ཀྲི་པུའུ་ཚད་ལྡན་ངང་འཛུགས་སྐྱོང་བྱེད་པའི་འདུ་འགོད”ལག་ལེན་བསྟར་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་བཅས་བྱས་ནས“དམ་འཛིན་བཞི་དང་སྐུལ་འདེད་བཞིའི”ལས་ཀའི་བྱ་ཐབས་སྤྱད་དེ་གཞི་རིམ་གྱི་ཏང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད་པ་རེད།

    རྩེ་རིམ་ཇུས་འགོད་ལ་དམ་འཛིན་གྱིས་ལས་ཀའི་ལམ་སྲོལ་ཚད་ལྡན་ཅན་ཡོང་རྒྱུར་སྐུལ་འདེད་བཏང་བ། 2018ལོ་གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་གི་ལོ་ལ་གཏན་འཁེལ་བྱས་ནས་དོན་གཉེར་གོ་ཆོད་ཀྱི་ལམ་ལུགས་མ་ལག་ནུས་ལྡན་བསྐྲུན་པའི་ཁར《གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་ཆབ་མདོ་གྲོང་ཁྱེར་གྱི་ལག་བསྟར་ཇུས་གཞི》བཀོད་པ་རེད།

    ཚད་ལྡན་དང་ཆུ་ཚད་མཐོར་གཏོང་ལ་དམ་འཛིན་གྱིས་རྩ་འཛུགས་འཛུགས་སྐྱོང་ཚད་ལྡན་ཅན་ཡོང་རྒྱུར་སྐུལ་འདེད་བཏང་བ། གྲོང་ཁྱེར་དེ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་བརྟག་ཞིབ་ཤེས་ལྡན་མི་སྣའི་མཛོད་དང་ཏང་དོན་ལས་དོན་པའི་གྲངས་གཞིའི་མཛོད་དུས་ཐོག་ཏུ་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་སྟེ་གཞི་རིམ་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་ལས་དོན་ལ་དོ་དམ་ཤེས་པ་དང་། དམ་འཛིན་ཤེས་པ། ལས་ཤེས་པ་བཅས་ཀྱི་འགན་ལེན་བྱས་ཡོད་པ་རེད། “རྩ་འཛུགས་ཀྱི་གཞི་ཁྱོན་ཆེ་རུ་དང་སྤུས་ཚད་མཐོ་རུ་གཏོང་བའི་འདུ་འགོད”ལག་ལེན་བསྟར་རྒྱུ་གོ་སྐབས་སུ་བཟུང་ནས་གཞི་རིམ་གྱི་ཏང་རྩ་འཛུགས་ལ་མཐིལ་རྟོགས་བརྟག་དཔྱད་བྱེད་པ་དང་། དུས་བཀག་བཞིན་སྐབས་བརྗེ་དྲན་སྐུལ་དང་སྐུལ་འདེད་ཀྱི་ལམ་སྲོལ་དོན་འཁྱོལ་བྱས་ཏེ་གཞི་རིམ་གྱི་རྩ་འཛུགས་བཀོད་སྒྲིག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཡོད་པ་རེད།

    རྒྱུན་གཏན་གྱི་དོ་དམ་ལ་དམ་འཛིན་གྱིས་རྩ་འཛུགས་ཀྱི་འཚོ་བ་ཚད་ལྡན་ཅན་ཡོང་རྒྱུར་སྐུལ་འདེད་བཏང་བ། 《2018ལོའི་ཆབ་མདོ་གྲོང་ཁྱེར་གྱི“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་བརྗོད་དོན་གཙོ་བོའི་ནང་དོན་མཛུབ་ཁྲིད》སོགས་ཀྱི་ཡིག་ཆ་བཀྲམ་པ་དང་འབྲེལ་ཆེད་བསྐོས་ལས་བྱེད་པས་རིམ་པ་ཁག་གི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུར་མཛུབ་ཁྲིད་བྱ་རྒྱུའི་བཀོད་སྒྲིག་བྱས་པ་རེད།

    ལྟ་སྐུལ་མཛུབ་ཁྲིད་ལ་དམ་འཛིན་གྱིས་འཐབ་ས་འཛུགས་སྐྱོང་ཚད་ལྡན་ཅན་ཡོང་རྒྱུར་སྐུལ་འདེད་བཏང་བ། མཐིལ་རྟོགས་བརྟག་དཔྱད་ལས་དོན་ཚོགས་ཆུང་8བཙུགས་ནས་ས་ཆ་དངོས་སུ་བཅར་འདྲིར་སྐྱོད་པ་དང་སྤེལ་རེས་བཞུགས་མོལ་སོགས་ཀྱི་བྱ་ཐབས་སྤྱད་དེ་གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)300ལྷག་ཙམ་ལ་ཆེད་དོན་མཐིལ་རྟོགས་བརྟག་དཔྱད་བྱས་ཡོད་པ་རེད།  

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།