[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་མང་ཚོགས་ཀྱིས“དམངས་འཚོའི་ཕྱག་རྟགས་ཆེ་མོར”གྲོས་བསྡུར་འཁྲུག་པོ་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-12

    “མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས”“མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་དང་སེམས་ཁྲལ་ཆེ་ཤོས་བྱེད་པའི་བྱ་བ་རེ་རེ་བཞིན་ཐག་གཅོད་བྱས་ནས་སྤྱི་ཚོགས་དྲང་གཞག་དྲང་བདེན་དང་མིའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས” འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་གང་ལེགས་མངོན་ནས་དམངས་ཕན་སྲིད་ཇུས་རབ་དང་རིམ་པས་མང་ཚོགས་ལ་སྤྲོ་སྣང་དང་དྲོ་སྐྱིད་སྦྱིན་ཞིང་། ཐག་རིང་བོད་ཀྱི་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་གྱ་ནོམ་པའི་“དམངས་འཚོའི་ཕྱག་རྟགས་ཆེ་མོར”གྲོས་བསྡུར་འཁྲུག་པོ་ཞིག་བྱས་པ་རེད།

    སྒྲོལ་མ་ཚེ་རིང་གིས་གཟི་སྟོངས་གྲོང་ཚོ་སྔར་བས་ཡག་ཏུ་འགྲོ་རྒྱུ་རེད་ཅེས་གསུངས་པ།

    འདི་ལོ་ལོ་35ལ་སླེབས་པའི་སྒྲོལ་མ་ཚེ་རིང་ནི་ནག་ཆུ་ས་ཁུལ་སོག་རྫོང་རོང་པོ་གྲོང་རྡལ་གཟི་སྟོངས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཡིན་པ་དང་། དུད་ཚང་ལ་བསྐྱོད་དེ་མང་ཚོགས་དང་འབྲེལ་བ་བྱ་རྒྱུ་ནི་སྒྲོལ་མ་ཚེ་རིང་གི་རྒྱུན་གཏན་ལས་ཀ་ཞིག་རེད། དེ་རིང་ཁ་སང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་པའི་སྐབས་ཡིན་སྟབས་སྒྲོལ་མ་ཚེ་རིང་བྲེལ་བ་ཆེ་རུ་སོང་ཡོད། ཁོང་གིས་དུད་ཚང་མི་རེ་ངོ་རེར་བསྐྱོད་དེ་གྲོང་ཚོ་དང་། ཚོགས་ཆུང་། དུད་ཚང་བཅས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱེད་པ་དང་། ཡུལ་མི་ཚོར་ཏང་གི་དམངས་ཕན་སྲིད་ཇུས་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་འབྲེལ་ཡོད་ཤེས་བྱ་ངང་རྒྱུད་རིང་པོས་སྒྲོག་འགྲེལ་བྱེད་བཞིན་ཡོད།

    “ལོ་དེ་དག་ནང་ང་ཚོའི་གྲོང་ཚོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཆེན་པོ་ཕྱིན་ནས་ཚང་མའི་ཡོང་སྒོ་མང་དུ་སོང་ལ་བསམ་བློའི་འདུ་ཤེས་ལའང་འགྱུར་ལྡོག་བྱུང་བ་ནི་རང་རེའི་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་ཡིན”ཞེས་སྒྲོལ་མ་ཚེ་རིང་གིས་གསུངས།

    “ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་དགོས་ལུགས་བཏོན་ལ་འདི་ལོའི་ཚོགས་འདུ་གཉིས་ཀྱི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དེའི་ཐད་ཆེད་དོན་བཀོད་སྒྲིག་ཀྱང་བྱས་པ་ལས། ཏང་ཀྲུང་དབྱང་གིས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་པོ་གནང་བ་གང་ལེགས་མངོན་པས། ང་ཚོས་གཟི་སྟོངས་གྲོང་ཚོ་སྔར་བས་འཛུགས་སྐྲུན་བྱ་རྒྱུར་ཡིད་ཆེས་ཡོད”ཅེས་སྒྲོལ་མ་ཚེ་རིང་གིས་ཡུལ་མི་སྒྲིག་འཛུགས་བྱས་ནས་རྒྱལ་ལམ་317གྱི་འགྲམ་དང་གྲོང་ཚོའི་ལམ་ཁག་ལ་གད་ཕྱིས་བྱེད་པའི་སྐབས་ཡུལ་མི་ཚོར་སེམས་ཤུགས་འཕེལ་བ་དང་ལྕག་སྐུལ་དེ་ལྟར་བྱས་ཡོད།

    ལྷ་ས་གྲོང་ཁྱེར་ཚེ་མཆོག་གླིང་གྲོང་ཚོར“དངུལ་གྱི་ཆར་པ”བབས་པ།

    “ད་ཆ་ང་ཚོའི་གྲོང་ཚོ་ནི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་གྲོང་ཚོ་ཕྱུག་པོ་ཞིག་ཡིན། ཉེ་འགྲམ་གྲོང་ཚོའི་མི་ཚང་མས་ང་ཚོར‘དངུལ་གྱི་ཆར་པ’བབས་པ་རེད་ཅེས་བརྗོད་ཀྱི་ཡོད ” ཚེ་མཆོག་གླིང་གྲོང་ཚོའི་ཡུལ་མིས་ཏང་གི“གནད་སྨིན་དབུལ་སྐྱོར”སྲིད་ཇུས་བཟང་པོའི་བཀའ་དྲིན་བསམས་པ་དང་། ཡུས་ཧྲང་ཞི་མཐུན་ཚོགས་པ་ཀུང་སིས་བོད་ཀྱི་རིག་གནས་ཀྱི་ལོ་རྒྱུས་སྙན་ངག་མཚོན་པའི་ཟློས་གར་འཁྲབ་གཞུང་ཆེ་གྲས《ཝུན་ཤིང་ཀོང་ཇོ》གསར་རྩོམ་བྱས་ནས་སྲིད་ཇུས་བཟང་པོའི་དྲོད་རླུང་ལྡང་ཡོད།

    འཁྲབ་གཞུང་དེ་སྒྱུ་རྩལ་གྱི་བརྩམ་བྱ་ཕུལ་བྱུང་ཞིག་ཡིན་ལ་གནད་སྨིན་དབུལ་སྐྱོར་གྱི་རྣམ་གྲངས་ཤིག་ཀྱང་ཡིན། ལོ་ལྔའི་རིང་འཁྲབ་གཞུང་དེས་གྲོང་ཚོ་ཧྲིལ་པོའི་དཔལ་འབྱོར་ཁྱོན་ཡོངས་ནས་དབུལ་ཕོངས་ལས་སྒྲོལ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་པ་དང་ལྷག་དོན་དུ་དེ་གའི་མང་ཚོགས་ཀྱི་འདུ་ཤེས་བསྒྱུར་རྒྱུར་སྐུལ་མ་ཐེབས་ཡོད། འཁྲབ་གཞུང་འཁྲབ་མཁན་ཁྲོད་ལས་མི་800ལྷག་རིག་གནས་ཤེས་ཚད་དམའ་ཞིང་འདུ་ཤེས་ཅུང་ཞན་པའི་དེ་གའི་ཞིང་འབྲོག་པ་ཡིན་པ་དག་འཁྲབ་སྟོན་ནང་ཞུགས་པ་བརྒྱུད་ཁོང་ཚོར་ཡོང་འབབ་བྱུང་ལ་རིག་གནས་ཀྱི་རྩལ་ནུས་ཡར་རྒྱས་སོང་བ་དང་བསམ་བློའི་འཁྱེར་སོར་ཡང་འགྱུར་ལྡོག་བྱུང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།