[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི“ཆ་འཕྲིན་མྱུར་བགྲོད་ལམ་བུ”དུད་ཚང་ཁྲི་སྟོང་མང་པོར་ཁྱབ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-13

     བོད་རང་སྐྱོང་ལྗོངས་ཀྱི་གློག་འཕྲིན་ལས་སྒོ་ཁྱོན་སྒོར་དུང་ཕྱུར་36.35ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་35.10%འཕར་བ་དང་། བོད་ཀྱི་འོད་ཁྲིད་ཚི་སྐུད་ཀྱི་རིང་ཚད“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་ལས་ལྡབ་3རིང་དུ་ཕྱིན་ནས་སྤྱི་ལེ་ཁྲི་15.33ཟིན་པ། སྒུལ་བདེའི་འཕྲིན་གཏོང་ས་ཚིགས་གྲངས་འབོར“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་ལས་ལྡབ་6.5འཕར་ནས་ཁྲི་3.03ཟིན་པ། སྒུལ་བདེའི་བཞུར་ཚད་མ་དངུལ་འགྲོ་གྲོན་དུས་མཚུངས་ལས་38.1%ཆག་པ་དང་། ལག་ཐོགས་ཁ་པར་གྱི་བཞུར་ཚད་མ་དངུལ་འགྲོ་གྲོན་དུས་མཚུངས་ལས་42.0%ཆག་པ་སོགས་ཀྱི་གྲངས་གཞི་དེ་དག་ལས་བོད་ཀྱི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་ནས“དྲ་རྒྱ་སྟོབས་ལྡན་ཁུལ”གྱི་རྣམ་པ་ཞིག་ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོར་མངོན་ཡོད་པ་རེད།

    “དྲ་ཆེན་བོད་ལྗོངས”ཀྱི་འཐབ་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འཚམ་པའི་རྒྱལ་ཁབ་ཀྱི་ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་འཛུགས་ཆེད། བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱིས་འཕྲིན་གཏོང་དྲ་རྒྱ་དེ་རང་བྱུང་གྲོང་ཚོ་དང་། གསར་འཕར་རྒྱལ་ལམ། ཞིང་ཆེན་ལམ། མཛེས་ལྗོངས་ས་ཚིགས། མཛེས་ལྗོངས་ཁུལ་བཅས་སུ་ཁྱབ་ཚད་དང་ལེགས་སུ་གཏོང་ཚད་སྔར་བས་ཆེ་རུ་བཏང་བ་དང་། ལྷག་པར་དུ་སྟོབས་ཤུགས་གཅིག་སྒྲིལ་གྱིས་ནག་ཆུ་ས་ཁུལ་དང་མངའ་རིས་ས་ཁུལ་གྱི་འཕྲིན་གཏོང་དྲ་རྒྱའི་ཁྱབ་ཚད་རྒྱ་ཆེར་བཏང་བ་རེད།

    དེ་དང་ཆབས་ཅིག་བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་གཉིས་ཀྱི་གྲངས་གཞིའི་ཧེ་བག་ཆུང་དུ་བཏང་ནས་གློག་འཕྲིན་ཡོངས་ཁྱབ་ཞབས་ཞུ་ཚོད་ལྟའི་ས་ཚིགས་ཀྱི་ལས་དོན་དོན་འཁྱོལ་ཡག་པོ་བྱས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་ཚོད་ལྟའི་སྲིད་འཛིན་གྲོང་ཚོ(གྲོང་ལྷན)5210ཚང་མ་གློག་འཕྲིན་ཡོངས་ཁྱབ་ཞབས་ཞུའི་ཚོད་ལྟའི་ས་ཚིགས་ལས་གྲྭའི་ནང་བཅུག་ཡོད་པ་རེད། ཚོད་ལྟའི་ས་ཚིགས་ལེགས་སྒྲུབ་བྱས་རྗེས་བོད་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་དྲ་ཆེན་ཤར་གཏོང་ཐུབ་རྒྱུ་དང་སྲིད་འཛིན་གྲོང་ཚོའི་98%ལ་འོད་ཁྲིད་ཚི་སྐུད་ཤར་གཏོང་ཐུབ་རྒྱུ་རེད།

    གཞན་ཡང་། བོད་ཀྱིས་དྲ་སྦྲེལ་དང་སྤྱི་ཚོགས་འགན་སྲུང་དང་། སློབ་གསོ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཁག་གི་མཉམ་འདྲེས་འཕེལ་རྒྱས་ཀྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་ནས“དྲ་སྦྲེལ་དང་ས་མཐོའི་ཁྱད་ལྡན་ཟུང་དུ་སྦྲེལ་བ”དང་། “དྲ་སྦྲེལ་དང་ཞིང་འབྲོག་ཁུལ་ཟུང་དུ་སྦྲེལ་བ”སོགས་ཀྱི་ལས་རྣམ་གསར་པའི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་སྐྱེད་སྲིང་དང་གསར་སྤེལ་བྱས་ཏེ། ཕྱོགས་ཡོངས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱས་པ་རེད།

    གྲོང་ཁྱེར་དང་ས་ཁུལ་ཁག་གི་འཕྲིན་གཏོང་ལྟ་སྐུལ་དོ་དམ་སྒྲིག་གཞིའི་འགན་ནུས་སྔར་བས་འདོན་སྤེལ་གང་ལེགས་བྱ་ཆེད། བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱིས་ཁྲོམ་རའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་དོན་འཁྱོལ་ཧུར་ཐག་བྱས་ནས་ལོ་ཧྲིལ་པོར་སྡོམ་རྩིས་བརྒྱབ་ན་ཁྲོམ་རར་སྐོར་བཤེར་དང་ཞིབ་བཤེར་ཐེངས་20ལྷག་ཙམ་བྱས་ཡོད། སློབ་གྲྭའི་གློག་འཕྲིན་ཚོང་གཉེར་སོགས་ཁྲོམ་རའི་འགྲན་རྩོད་བྱེད་མང་སར་བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱིས་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་མཉམ་འབྲེལ་བྱས་ནས《སློབ་གྲྭའི་གློག་འཕྲིན་ལས་སྒོའི་ཁྲོམ་རའི་གཉེར་སྐྱོང་བྱེད་སྒོ་ཡག་པོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》གཤམ་སྤེལ་བྱས་ཏེ་གཉེར་སྐྱོང་ཁེ་ལས་ཁག་དང་རང་འགུལ་གྱིས་སློབ་གྲྭའི་གཉེར་སྐྱོང་རང་འདོམ་གྱི་གན་རྒྱའི་ཡི་གེ་བཞག་པ་དང་དུས་མཚུངས་ཞིབ་བཤེར་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་སློབ་གྲྭའི་གཉེར་སྐྱོང་བྱེད་སྒོར་ས་གནས་ས་ཐོག་གི་ལྟ་སྐུལ་དང་ཞིབ་བཤེར་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།