[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཚན་རྩལ་གྱིས་ཕྱུག་འགྱུར་ལམ་བུར་སྣེ་ཁྲིད་བྱེད་པ།

    ​སྙེ་མོ་རྫོང་གིས་བོད་བྱའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བའི་སྐོར་རགས་ཙམ་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-12

    སྙེ་མོ་རྫོང་གྲོང་གི་ཞོར་ཟས་ཚོང་ཁང་ནང་ལས་དོན་མི་སྣ་བསམ་གྲུབ་ཀྱིས“ཏེ་ཆིང་ཡོན”ཞེས་ཚོང་རྟཌ་འཁོད་པའི་བོད་བྱའི་སྒོ་ང་སྒམ་རེ་རེ་བཞིན་སྡེབ་སྐྱེལ་བྱེད་བཞིན་འདུག བསམ་གྲུབ་ནི་སྙེ་མོ་རྫོང་ཏེ་ཆིང་ཡོན་བོད་བྱའི་སྒོ་ང་ཚན་ཞིབ་ལས་དོན་ས་ཚིཌ་ཀྱི་ལས་དོན་མི་སྣ་ཡིན་པ་དང་། སྲིད་གཞུང་དང་ཁོངས་གཏོཌ་ཁེ་ལས་བོད་ལྗོངས་ཏེ་ཆིང་ཡོན་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་རྒྱབ་སྐྱོར་འོག ཀུང་སི་དེ་2016ལོའི་ཟླ་12པར་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་ལས་དེ་ཁུལ་གྱི་བོད་བྱའི་ཐོན་ལས་ཆེད་ལས་ཅན་གྱི་ལམ་ལ་སྐྱོད་འགོ་ཚུཌ་པ་མཚོན་གྱི་ཡོད།

    “མིག་སྔར་ཚན་ཞིབ་ལས་དོན་ས་ཚིགས་སུ་ཚན་རྩལ་ལས་དོན་པ་9ཡོད་པ་དང་། བོད་ལྗོངས་ཏེ་ཆིང་ཡོན་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་མཐོ་རིམ་ཕྱུགས་ནད་སྨན་པ་དཀའ་བཅུ་པ་ཀྲང་མེ་ཁུན་གྱིས་ཚན་ཞིབ་ལས་དོན་ས་ཚིགས་ཀྱི་ཀྲེན་ཀྲང་གི་འགན་ཁུར་བ་དང་འབྲེལ། ཚན་ཞིབ་ས་ཚིགས་ཀྱི་ལས་ཀ་རང་ངོ་མས་གཙོ་སྐྱོང་བྱེད་ཀྱི་ཡོད། པེ་ཅིང་ཏེ་ཆིང་ཡོན་ཚན་ཞིབ་ཚོགས་པ་ནི་ལས་དོན་ས་ཚིགས་དེའི་ཚན་ཞིབ་ལག་རྩལ་གྱི་རྒྱབ་རྟེན་བརྟན་པོ་ཞིག་ཡིན། ཚོགས་པ་དེའི་ནང་ཀྲུང་གོ་ཞིང་ལས་སློབ་ཆེན་དང་། ཀྲུང་གོ་ཚན་རིག་ཁང་། བོད་ལྗོངས་ཞིང་འབྲོག་སློབ་གླིང་སོགས་ཆེད་ཚན་སློབ་ཆེན་དང་། སློབ་གླིང་། སློབ་གྲྭ་དང་ཚན་ཞིབ་ཚན་པ་བཅུའི་རིགས་གཅིག་མཁས་ཅན་དགེ་རྒན་ཆེ་མོ་བ་དང་། འབུམ་རམས་པའི་སློབ་མ། རབས་འབྱམས་ཞིབ་འཇུག་སློབ་མ་སོགས་མི་20ལྷག་ཙམ་འདུས་ཡོད”ཅེས་སྙེ་མོ་རྫོང་ཚན་རྩལ་ཅུས་ཀྱི་འགན་ཁུར་བ་བློ་བཟང་བསམ་གཏན་གྱིས་ངོ་སྤྲོད་བྱས།

    ཏེ་ཆིང་ཡོན་བོད་བྱ་ཚན་ཞིབ་ལས་དོན་ས་ཚིགས་ཀྱིས་སྙེ་མོ་རྫོང་གི་བོད་བྱ་གསོ་ཚགས་ཐོན་ལས་ཀྱི་ཁྱད་ཆོས་ལ་དམིགས་ནས་ཏེ་ཆིང་ཡོན་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་དང་མཉམ་དུ་ས་གནས་དེ་གའི་ཞིང་འབྲོག་པར་བོད་བྱ་སོགས་བྱ་རིགས་དང་ཕྱུགས་རིགས་གསོ་ཚགས་ལག་རྩལ་མཛུབ་ཁྲིད་དང་འབྲེལ་ཡོད་ཚན་རྩལ་ཆ་འཕྲིན་དང་དེ་བཞིན་ཞིབ་དཔྱད་དང་ནད་ཡམས་བརྟག་ཞིབ་ཀྱི་ཞབས་ཞུ་བྱས་ཡོད། མིག་སྔར་ཚན་རྩལ་ཆེད་མངགས་པ་18དང་ལག་རྩལ་རིཌ་གཅིག་མཁས་ཅན་9ཡིས་རང་གནས་ཡུལ་རྫོང(ཤང)གི་ཞིང་འབྲོག་པར་ཐོན་སྐྱེད་ལག་རྩལ་བློ་འདྲི་དང་ས་གནས་ས་ཐོག་ཏུ་ལག་རྩལ་མཛུབ་ཁྲིད་བྱས་ནས་ཐོན་སྐྱེད་ལག་རྩལ་གྱི་དཀའ་གནད་བསལ་ཏེ་ཚན་ཞིབ་ལས་དོན་ས་ཚིགས་འཛུགས་སྐྱོང་ཆེད་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱས་ཡོད།

    “ལས་དོན་ས་ཚིགས་ཀྱི་ཆེད་མངགས་པའི་ནང་ཞུགས་རྗེས། ངས་བོད་བྱ་གསོ་ཚགས་ཀྱི་ཆེད་ལས་ལག་རྩལ་ཤེས་བྱུང་བས། དེ་སྔའི་སྲོལ་རྒྱུན་གྱི་བོད་བྱ་གསོ་ཚགས་ཀྱི་ཡོང་འབབ་ལས་མང་བ་འདུག ཏང་དང་སྲིད་གཞུང་གིས་ང་ཚོར་ཕྱུག་འགྱུར་གྱི་གོ་སྐབས་དེ་འདྲ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ལོ་47ལ་སླེབས་པའི་ཕུན་ཚོགས་ཀྱིས་བློ་ཡིད་ཚིམ་པོའི་ངང་དེ་ལྟར་བཤད།

    “ལས་དོན་ས་ཚིགས་བཙུགས་པ་ནས་བཟུང་། ང་ཚོས་ཕྱོགས་གཅིག་ནས་ལག་རྩལ་རིགས་གཅིག་མཁས་ཅན་གྱི་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་བོད་བྱ་གསོ་ཚགས་ཐོན་སྐྱེད་ཀྱི་འགག་རྩའི་ལྷུ་ཚིགས་དང་ཞིང་འབྲོག་པའི་དགོས་མཁོ་དངོས་ལ་དམ་པོར་དམིགས་ཏེ་ས་གནས་ས་ཐོག་ཏུ་འཆད་འགྲེལ་བྱེད་པ་དང་བཀོལ་སྤྱོད་བྱེད་སྟངས་སློབ་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་ལག་རྩལ་གསོ་སྦྱོང་བྱས་ཐོག་སྔོན་ཐོན་གྱི་བོད་བྱ་གསོ་ཚགས་ལག་རྩལ་ཁྱབ་སྤེལ་བཏང་བ་དང་། ཕྱོགས་གཞན་ཞིག་ནས་ཚན་རྩལ་ཆེད་མངགས་པ་ཁག་གཅིག་གསོ་སྐྱོང་བྱས་ནས་ཚན་རྩལ་ཆེད་མངགས་པའི་ཆ་སྒྲིག་རོགས་སྐྱོར་ལམ་སྲོལ་བཙུགས་ཡོད། དཔེ་སྟོན་སྐུལ་ཁྲིད་བྱེད་པ་དང་། གནས་ཀྱིས་ཁྱོན་ལ་སྐུལ་ཁྲིད་བྱེད་པ། སྔོན་ཐོན་ལག་རྩལ་དང་སྣ་ཁ་གསར་པ་ཁྱབ་སྤེལ་བེད་སྤྱོད་བྱེད་མགྱོགས་སུ་བཏང་བ། ཚན་རྩལ་ཆེད་མངགས་པའི་ལག་རྩལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། བོད་བྱའི་ཁྱད་ལྡན་ཞིང་འབྲོག་ལས་ཐོན་ལས་ལ་དམིགས་པ། གསོ་ཚགས་ཐོན་སྐྱེད་བྱ་ཡུལ་དང་པོར་སྐྱོད་པ། ཚན་རྩལ་གསར་གཏོད་ཞབས་ཞུའི་ལས་དོན་སྤེལ་བ་བཅས་བྱས་པ་བརྒྱུད། བོད་བྱ་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད”ཅེས་སྙེ་མོ་རྫོང་ཚན་རྩལ་ཅུས་ཀྱི་འགན་ཁུར་བ་བློ་བཟང་བསམ་གཏན་གྱིས་ངོ་སྤྲོད་བྱས་པ་དང་། དེ་དང་ཆབས་ཅིག ཁོང་གིས་རྫོང་དང་ཤང་གིས་ཞིང་ལས་ཚན་རྩལ་གཤམ་སྤེལ་བྱེད་སྒོ་སྤེལ་རྒྱུར་གཞོགས་འདེགས་བྱས་ནས་ལག་རྩལ་འགན་གཙང་སྤྲོད་པ་དང་། ལག་རྩལ་གཞན་སྒྱུར་བྱེད་པ། ལག་རྩལ་གསོ་སྦྱོང་བྱེད་པ་སོགས་ཀྱི་རྣམ་པ་སྣ་ཚོགས་ཀྱི་ཞིང་ལས་ཚན་རྩལ་ཁྱབ་གདལ་གྱི་ཞབས་ཞུ་བྱས་ནས་ཞིང་འབྲོག་པར་ཞིང་འབྲེལ་དྲ་ཚུགས་དང་། ལག་ཐོགས་ཁ་པར་གསར་འགྱུར། འཕྲིན་ཐུང་སོགས་ཀྱི་བྱ་ཐབས་སྣ་ཚོགས་ཀྱི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱས་པ་དང་། བོད་བྱ་གསོ་ཚགས་ཀྱི་ཚན་རྩལ་གྲུབ་འབྲས་དང་། བོད་བྱའི་ཐོན་རྫས་ཀྱི་རིན་གོང་གནས་ཚུལ། སྲིད་ཇུས་ཆ་འཕྲིན་དུད་ཚང་དུ་མགྱོགས་མྱུར་དྲིལ་བསྒྲགས་བྱེད་པ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།