[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-12

     ཉིན་ཤས་གོང་། ལྷོ་ཁ་གྲོང་ཨུད་ཀྱིས་གྲོང་ཨུད་ཀྱི་སྐབས་དང་པོའི་རྒྱུན་ལས་ཨུ་ལྷན(རྒྱ་ཆེའི་ཚོགས་འདུ)གྱི་ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཅིག་སྡུད་སློབ་སྦྱོང་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞི་ཅིན་ཕིང་གིས་ཀྲུང་གོ་ཞིང་ལས་སློབ་ཚོགས་བཙུགས་ནས་ལོ་ངོ་100འཁོར་བར་སྤྲིངས་གནང་བའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་བཀྲམ་པའི《“སྤྱོད་ཚུལ་བཞི”ཡོ་བསྲང་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན》གྱི་བརྡ་ཐོའི་དགོངས་དོན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཆོས་ལུགས་ཀྱི་འཐུས་མི་དང་བཞུགས་མོལ་ཚོགས་འདུ་འཚོག་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

    ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་བརྒྱུད་བསྒྲགས་དང་སློབ་སྦྱོང་སྒྲིག་འཛུགས་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་བཏང་བའི་བརྡ་ཐོའི་དགོངས་དོན་ཇི་མ་ཇི་བཞིན་དང་ཚིག་དུམ་རེ་རེ་བཞིན་ཏང་ཡོན་མི་རེ་ངོ་རེར་བརྒྱུད་བསྒྲགས་བྱེད་པ། མཛུབ་སྟོན་གྱི་ནང་དོན་དང་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར“འདུ་ཤེས་བཞི”བརྟན་པོ་འཛུགས་པར་སློབ་གསོ་གཏོང་བ་བཅས་བྱས་ནས། ཆབ་སྲིད་ཀྱི་ཚུགས་གནས་དང་ཆབ་སྲིད་ཀྱི་རང་འགུལ་རང་བཞིན་མཐོ་རུ་བཏང་སྟེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གྱི་གྲུབ་འབྲས་ཟམ་མི་ཆད་པར་བརྟན་དུ་དང་རྒྱ་ཆེར་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་དཔྱད་བསྡུར་ཞིབ་བཤེར་ནན་པོ་བྱེད་པ་དང་། ཧེ་བག་འཚོལ་བ། འགལ་ཟླ་གཙོ་བོར་དམ་འཛིན་བྱེད་པ་དང་ལྷག་དོན་དུ་རྣམ་འགྱུར་མང་བ་དང་། བྱ་སྤྱོད་ཉུང་བ། དོན་འཁྱོལ་ཞན་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་བྱ་ཐབས་ནུས་ལྡན་བཏོན་ནས་དག་ཐེར་བཅོས་སྒྲིག་ཏན་ཏན་ཏིག་ཏིག་བྱེད་དགོས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་རིམ་ཁག་ཏང་རྩ་འཛུགས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་འཚོ་བའི་ཚོགས་འདུའི་དཔྱད་བསྡུར་ཞིབ་བཤེར་གྱི་ནང་དོན་གལ་ཆེན་ལ་བརྩིས་ཏེ། བསམ་བློ་དང་གནད་དོན་གྱི་འབྱུང་རྩ་བསྔོགས་ནས་ཟུར་བལྟས་ལེབ་མཐོང་དང་རང་ཉིད་དེའི་ནང་ཞུགས་དགོས། གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་དང་རིམ་པ་བཞིན་སྐུལ་ཁྲིད་མཐའ་འཁྱོངས་བྱས་ནས་སྣེ་ཁྲིད་ཀྱི་ནུས་པ་ཐོན་དགོས། འགོ་ཁྲིད་ལས་བྱེད་པའི“འགག་རྩའི་ཉུང་ཤས”ལ་དམ་འཛིན་གྱིས་གྲོང་ཨུད་ཀྱི་ཚན་ཁག་དང་ས་ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་ལེགས་པོ་བྱས་ནས། རྫོགས་མཐའ་མེད་པའི་སྙིང་སྟོབས་དང་སྙིང་རུས་ལ་བརྟེན་ཏེ་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།