[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཚོ་སྣ་རྫོང་གིས།

    “སྒྲོག་འགྲེལ་ལྔའི་བྱེད་ཐབས”སྤྱད་ནས་སློབ་སྦྱོང་གི་ཚ་རླབས་འཕྱུར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-12

     ཉེ་ཆར། མཚོ་སྣ་རྫོང་གིས“སྒྲོག་འགྲེལ་ལྔའི་བྱེད་ཐབས”བཏོད་དེ་ཐབས་མང་མཉམ་དུ་སྤྱོད་པ་དང་ཐབས་ལམ་གསར་པ་རྒྱ་ཆེར་བཏང་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྲོང་ཚོ་དང་དུད་ཚང་དུ་དོན་འཁྱོལ་ཏན་ཏིག་ཐུབ་རྒྱུར་སྐུལ་འདེད་བཏང་བ་རེད།

    རྫོང་རིམ་པའི་ལས་བྱེད་པས་སྣེ་ཁྲིད་ནས་སྒྲོག་འགྲེལ་བྱས་ཤིང་། མཚོ་སྣ་རྫོང་གི་ཚན་ཁག་ཆེན་པོ་བཞིའི་འགན་འཁུར་བས་རང་གི་འབྲེལ་གཏུག་བྱ་ཡུལ་གྱི་ཤང་དང་གྲོང་རྡལ་དང་། རྫོང་ཐད་གཏོགས་ལས་ཁུངས། གྲོང་ཚོ(གྲོང་ལྷན) སློབ་གྲྭ། དགོན་སྡེ་དོ་དམ་ཨུ་ལྷན། མཐའ་མཚམས་འབྲོག་ས་བཅས་སུ་སྒྲོག་འགྲེལ་བྱས་པ་རེད། སྡེ་ཚན་དང་ཚན་པས་འབྲེལ་གཏུག་གྲོང་ཚོར་སྒྲོག་འགྲེལ་བྱས་ཤིང་། རྫོང་ཡོངས་ཀྱི་སྡེ་ཚན(ཚན་པ)40ལྷག་ཙམ་གྱི་འགོ་ཁྲིད་གཙོ་བོས་དབུལ་སྐྱོར་འབྲེལ་གཏུག་གྲོང་ཚོ(གྲོང་ལྷན)ཁག་ཏུ་བསྐྱོད་དེ་བཅར་འདྲི་དང་། བརྟག་ཞིབ། བཞུགས་མོལ་སྤེལ་རེས་སོགས་ཀྱི་རྣམ་པར་བརྟེན་ནས་སྒྲོག་འགྲེལ་བྱས་པ་རེད། ཏང་ཨུད་ཀྱི་ཨུ་ཡོན་ཚོས་ཡུག་ཁུལ་དུ་སྒྲོག་འགྲེལ་བྱས་ཤིང་། ཤང་དང་གྲོང་རྡལ་གྱི་ཏང་ཨུད(ཏང་སྤྱི་ཁྱབ་ཀྲི་པུའུ)ཀྱི་ཁོངས་མིས་གྲོང་ཚོར(གྲོང་ལྷན)བསྐྱོད་དེ་སྒྲོག་འགྲེལ་བྱས་ནས་གྲོང་ཚོ(གྲོང་ལྷན)ཡོངས་སུ་ཁྱབ་པར་བྱས་པ་རེད། ཏང་ཀྲི་པུའི་ཧྲུའུ་ཅིས་གཙོ་གནད་སྒྲོག་འགྲེལ་བྱས་ཤིང་། གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅི་ཁག་གིས་དོན་དངོས་དང་ཟུང་འབྲེལ་གྱིས་གསལ་འགྲེལ་བྱས་པ་རེད། ཏང་ཀྲི་པུའི་ཧྲུའུ་ཅི་དང་པོས་དུད་ཚང་དུ་བསྐྱོད་དེ་སྒྲོག་འགྲེལ་བྱས་ཤིང་། རྫོང་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)དབུལ་པོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་24ཡིས་མཉམ་ལས་ཁང་དང་ཐོན་སྐྱེད་རྟེན་གཞི། དེ་བཞིན་ཕྱུག་འགྱུར་འཇོན་ཐང་ཅན་དང་དུད་ཚང་དབུལ་པོའི་ཁྱིམ་དུ་བསྐྱོད་དེ་སྒྲོག་འགྲེལ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།