[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭའི་གཏམ་བཟང་གང་སར་ཁྱབ་པ།

    བོད་ཀྱི་གློག་དྲ་གཙོ་བོ་ཁྱབ་ཚད་བོད་ཡོངས་ཀྱི་རྫོང་62བར་མང་དུ་ཕྱིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-12

    རང་ལྗོངས་ཀྱི་རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་འཛུགས་སྐྲུན་བྱེད་པའི་གཏམ་བཟང་གང་སར་ཁྱབ་ཅིང་། ཉེ་ཆར་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གི་ཆན་ཧྥུའུ་110ཡི་གློག་གཏོང་གློག་སྒྱུར་ལས་གྲྭ་ལེགས་གྲུབ་ཟིན་པ་དང་སྦྲགས་བོད་ཀྱི་གློག་དྲ་གཙོ་བོ་ཁྱབ་ཚད་ལྗོངས་ཡོངས་ཀྱི་རྫོང་62བར་མང་དུ་ཕྱིན་པ་དང་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་119བཏང་བའི་དམངས་ཕན་ལས་གྲྭ་དེས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7དང་རྫོང་62ཀྱི་གྲོང་རྡལ་ཆུང་ངུ(ལྟེ་བའི་གྲོང་ཚོ)3000ལ་ཕན་པ་ཐོབ་ནས་ཞིང་འབྲོག་པ་ཁྲི་160ཙམ་གྱི་གློག་སྤྱོད་ཆུ་ཚད་མཐོ་རུ་བཏང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོ་དང་2017ལོར་བོད་ཀྱི་རེས་སྐོར་གསར་པའི་གྲོང་གསེབ་གློག་དྲའི་གྲོང་རྡལ་ཆུང་ངུའི(ལྟེ་བའི་གྲོང་ཚོ)གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་119བཏང་བ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་བོད་ལྗོངས་གྲོང་གསེབ་གློག་དྲ་འཛུགས་སྐྲུན་ཐད་བཏང་བའི་མ་དངུལ་གྱི་སྤྱི་འབོར་ལས་མང་བ་ཡོད་པ་རེད།

    ལས་གྲྭའི་ལམ་ཐིག་ཧྲིལ་པོའི་ཨར་རྒྱག་ས་ཚིགས་3300ལྷག་ཙམ་ཡོད་པ་དང་མི་ཁྲི་4.1འཛུགས་སྐྲུན་ནང་ཞུགས་ཏེ་རིམ་རྩིས་བརྒྱབ་ན། ཆན་ཧྥུའུ་110ཡི་གློག་སྒྱུར་ས་ཚིགས་46དང་ཆན་ཧྥུའུ་35ཡི་གློག་སྒྱུར་ས་ཚིགས་131གསར་སྐྲུན་དང་སྒྱུར་བཀོད་བྱས་པ་དང་། ཆན་ཧྥུའུ་35དང་དེ་ཡན་གྱི་གློག་སྐུད་སྤྱི་ལེ་5051ཁྲིད་པ། ཆན་ཧྥུའུ་35དང་དེ་ཡན་གྱི་གློག་སྒྱུར་ཤོང་ཚད་ཆན་ཧྥུའུ་ཨན་ཁྲི་128ཟིན་ཡོད།

    བོད་ཀྱི་གྲོང་རྡལ་ཆུང་ངུའི(ལྟེ་བའི་གྲོང་ཚོ)ངེས་གནས་དང་འཚམ་པའི་བདེ་འཇགས་བློས་འགེལ་ཆོག་པ་དང་། དཔལ་འབྱོར་ལུགས་མཐུན། སྤྱོད་ཤན་ཆེ་བ་བཅས་ཀྱི་དེང་རབས་ཅན་གྱི་གྲོང་གསེབ་གློག་དྲ་བཙུགས་ནས་ཞིང་འབྲོག་པ་ཁྲི་160ཙམ་བདེ་འཇགས་ངང་གློག་སྤྱོད་པའི་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།