[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་འགོ་ཚུགས་པ།

    —— 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》བཏོན་པའི་བརྒྱུད་རིམ་སྐོར་བཀོད་པ། (བར་ཆ)

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-18

    གྲོས་ཞིབ་ཐེངས་མང་བྱས་མཐར་སྲོལ་ཡིག་གྲུབ་པ།

    རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་འཛུགས་ནི་ཆབ་སྲིད་ཀྱི་རང་བཞིན་དང་སྲིད་ཇུས་ཀྱི་རང་བཞིན་ཧ་ཅང་ཆེ་བའི་ས་གནས་རང་བཞིན་གྱི་ཁྲིམས་འཛུགས་ལས་དོན་ཞིག་རེད། ལྗོངས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་ཐེངས་མང་བྱས་ནས་བླང་བྱ་ཁ་གསལ་བཏོན་ཡོད། ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་དང་ལས་དོན་གྱི་བླང་བྱ་གཞིར་བཟུང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་བརྟག་ཞིབ་ནན་ཏན་དང་། བསམ་འཆར་བསྡུ་ལེན། རིགས་པས་ཁུངས་སྐྱེལ་གྱིས་མཐུན་སྦྱོར་བཅས་བྱས་ཏེ། བཟོ་བཅོས་ཐེངས་8བརྒྱབ་མཐར། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་སྲོལ་འཆར་ཟིན་བཟོ་འགོད་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྗེས། 2019ལོའི་ཟླ་8པར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གྲོས་ཞིབ་གནང་རྒྱུར་ཕུལ་བ་རེད།

    “ལྗོངས་སྲིད་གཞུང་གིས་གྲོས་ཞིབ་གནང་རྒྱུར་ཕུལ་བའི་ཁྲིམས་སྲོལ་གྲོས་གཞི་འབྱོར་རྗེས། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཙུའུ་ཀྲང་གནང་བའི་མི་རིགས་མཐུན་སྒྲིལ་ཁྲིམས་འཛུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་དེའི་ལས་དོན་གྱི་ཆེད་ཚན་འཕྲལ་དུ་བཙུགས་ཏེ། མི་སྣ་ཧྲག་སྒྲུག་བྱས་ནས་ཁྲིམས་འཛུགས་གྲོས་ཞིབ་ལ་བཟོ་བཅོས་རྒྱག་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་རེད” ཐོག་མའི་གྲོས་ཞིབ་བྱེད་རིང་། ང་ཚོས་རིགས་གཅིག་མཁས་ཅན་གྱི་བློ་འདྲིའི་རིགས་པས་ཁུངས་སྐྱེལ་ཚོགས་འདུ་ཐེངས་གཉིས་འཚོགས་པ་དང་ལྗོངས་ཕྱི་ནང་གི་མི་རིགས་དང་། འཐབ་ཕྱོགས་གཅིག་གྱུར། ཁྲིམས་རིག་པ་སོགས་ཁྱབ་ཁོངས་ཀྱི་འགོ་ཁྲིད་དང་རིགས་གཅིག་མཁས་ཅན་38ཀྱིས་ཁྲིམས་འཛུགས་ཀྱི་དམིགས་ཡུལ་དང་། ཁ་ཕྱོགས། རྩ་དོན་བཅས་ལ་དམིགས་ནས་ཁྲིམས་སྲོལ་གྱི་ཁ་བྱང་དང་། སྒྲོམ་གཞི། ནང་དོན། གཏན་ཚིགས་སོགས་ལ་རིགས་པས་ཁུངས་སྐྱེལ་བྱས་ཡོད་ཅེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཀྱི་དྲུང་ཆེ་གཞོན་པ་ཀྲོའུ་དབྱི་ཧྥེང་གིས་བརྗོད།

    ཏང་གི་འགོ་ཁྲིད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་འཛུགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་འཛུགས་དམིགས་ཡུལ་ཏང་ཨུད་ཀྱི་འདོད་འདུན་དང་འཚམ་གང་ཐུབ་ཡོང་བའི་འགན་ལེན་བྱ་ཆེད། བློ་བཟང་རྒྱལ་མཚན་གྱིས་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ལ་ལས་ཀའི་འཕེལ་རིམ་གྱི་ཡིག་ཐོག་སྙན་ཞུ་ཐེངས་མང་ཕུལ་ནས་ཁྲིམས་འཛུགས་རིང་གི་གནད་དོན་གལ་ཆེན་ལ་དགོངས་སྐོར་ཞུས་པ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཤན། དེ་བཞིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་གཞན་དག་ནས་བསམ་འཆར་བསྡུ་ལེན་བྱས་ནས་ཁྲིམས་སྲོལ་འཆར་ཟིན་བཟོ་བཅོས་ཀྱི་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་ཡོད། ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་113པར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཆེད་དོན་སྙན་སེང་གསན་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག་འཆར་ཟིན་ལ་ཞིབ་འཇུག་དང་ཞིབ་བཤེར་གཏན་འབེབས་བྱས་པ་རེད།

    ཀྲོའུ་དབྱི་ཧྥེང་གིས་ངོ་སྤྲད་བྱས་དོན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་སྔ་རྗེས་སུ་མི་རིགས་མཐུན་སྒྲིལ་ཁྲིམས་འཛུགས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་5དང་། ཀྲུའུ་རེན་གྱི་ཚོགས་འདུ་ཐེངས་7 རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་3བཅས་འཚོགས་ནས《སྲོལ་ཡིག》འཆར་ཟིན་ལ་ཆེད་དོན་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་རེད། ལས་དོན་ཆེད་ཚན་གྱི་ལས་དོན་པ་ཡོངས་ཀྱིས་གསེད་བཀྲོལ་ནན་ཏན་དང་། ཞིབ་བརྟག་ཡང་ཡང་བྱས་ཏེ། དོན་ཚན་རེ་རེ་བཞིན་ལ་བཟོ་བཅོས་ནན་ཏན་བྱས་ནས་སྔ་རྗེས་སུ་བཟོ་བཅོས་ཐེངས་20ལྷག་ཙམ་བརྒྱབ་མཐར། 《བོད་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》འཆར་ཟིན་གྲུབ་ནས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱ་རྒྱུར་ཕུལ་བ་རེད།

    《སྲོལ་ཡིག》འཆར་ཟིན་ཀྱི་བཟོ་བཅོས་གཏན་འབེབས་བྱེད་པར་ལོ་གཅིག་འགོར་བ་དང་། པེ་ཅིང་དང་བོད་ལྗོངས་སུ་སྔ་རྗེས་སུ་རིགས་གཅིག་མཁས་ཅན་གི་བློ་འདྲིའི་རིགས་པའི་ཁུངས་སྐྱེལ་ཚོགས་འདུ་ཐེངས་6འཚོགས་ནས། ཡིག་འཕྲིན་བསྐུར་བ་དང་རིགས་གཅིག་མཁས་ཅན་གྱི་བློ་འདྲིའི་རིགས་པས་ཁུངས་སྐྱེལ་ཚོགས་འདུ་དང་བཞུགས་མོལ་ཚོགས་འདུ་འཚོགས་པ་སོགས་བརྒྱུད་ནས་འགོ་ཁྲིད་དང་རིགས་གཅིག་མཁས་ཅན་140དང་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་437 ས་ཁུལ་དང་གྲོང་ཁྱེར་7དང་སྡེ་ཚན་23 གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་6བཅས་ཀྱི་བསམ་འཆར་དང་གྲོས་འགོ་ཁྱོན་1424རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཡོད།

    ཆེས་རྒྱ་ཆེའི་མི་དམངས་ཀྱི་ཐུན་མོང་གི་འདུན་པ་ཡང་དག་པའི་སྒོ་ནས་མཚོན་ཆེད། གྲོས་ཞིབ་ཀྱི་དུས་མཚམས་མི་འདྲ་བར《སྲོལ་ཡིག》འཆར་ཟིན་གྱི་བཟོ་བཅོས་ཐད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ལྷན་དང་། མི་རིགས་ཨུ་ལྷན། བཅའ་ཁྲིམས་ལས་དོན་ཨུ་ལྷན། ཀྲུང་གོ་ཁྲིམས་རིག་པ་མཐུན་ཚོགས། བཅའ་ཁྲིམས་ཀྱི་ལས་དོན་དང་མི་རིགས་ཀྱི་ལས་དོན་ཡུན་རིང་སྒྲུབ་མྱོང་ཡོད་ཅིང་དེ་སྔ་བོད་དུ་ཕྱག་ལས་གནང་མྱོང་བའི་འགོ་ཁྲིད་རྒན་གྲས་དང་རིགས་གཅིག་མཁས་ཅན་དང་མཁས་དབང་གི་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་ཐོབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།