[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • རང་སྐྱོང་ལྗོངས་མི་རིགས་ཆོས་དོན་ཨུ་ལྷན་གྱིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི“ལྟེ་གཅིག་སྒོར་དབྱིབས”ཡག་པོ་བྲིས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-14

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་མི་རིགས་ཆོས་དོན་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཏུ་བརྩི་བ་དང་། ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས། དྲིལ་བསྒྲགས་དང་སློབ་གསོ་ཟུང་འབྲེལ་མཐའ་འཁྱོངས་བཅས་བྱས་ཏེ། དུས་རབས་ཀྱི་རྗེས་ཟིན་པ་དང་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་མཐའ་འཁྱོངས་བརྟན་པོ་བྱས་ཐོག་དྲིལ་བསྒྲགས་དང་སློབ་གསོའི“ལྟེ་གཅིག་སྒོར་དབྱིབས”ཡག་པོ་བྲིས་པ་རེད།

    རང་སྐྱོང་ལྗོངས་མི་རིགས་ཆོས་དོན་ཨུ་ལྷན་གྱིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོར་མཐོང་ཆེན་བྱས་ཏེ་དེ་2019ལོའི་ལས་ཀའི་གཙོ་གནད་གྲས་སུ་བཅུག་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བ་སོགས་དུས་ཆེན་གལ་ཆེན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་བྱེད་སྒོ། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཟླ་བ་བཅས་མཚམས་ཚིགས་གལ་ཆེན་གསུམ་ལ་དམ་འཛིན་ནན་པོ་དང་། ས་ཁུལ་དང་། གྲོང་ཁྱེར། རྫོང་བཅས་སུ་མི་རིགས་མཐུན་སྒྲིལ་གྱི་བྱེད་སྒོ་སྤེལ་རྒྱུ་གཞི་རྟེན། 《ལྗོངས་ཡོངས་སུ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བའི་སྐོར་གྱི་ལས་ཀའི་ཇུས་གཞི》སོགས་མཉམ་དུ་བཟོ་བ་དང་ལག་ལེན་བསྟར་བ། ལས་བྱེད་པའི་སློབ་གསོ་དང་། སྤྱི་ཚོགས་ཀྱི་སློབ་གསོ། སློབ་གྲྭའི་སློབ་གསོ་གསུམ་ལ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་ནང་དོན་སྣོན་པ་བཅས་བྱས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་རྒྱལ་ཁབ་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་ཡང་དག་འཇགས་པར་ཁྲིད་སྟོན་བྱས་ཡོད།

    དུས་མཚུངས་སུ་རང་སྐྱོང་ལྗོངས་མི་རིགས་ཆོས་དོན་ཨུ་ལྷན་གྱིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་སྟངས་སྤྱད་ནས་རིག་རྩལ་འཁྲབ་སྟོན་དང་བདེ་ཐང་ཐད་ཀྱི་འོས་འགན་སྨན་བཅོས་སོགས་སྒྲིག་འཛུགས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་ད་ཆའི་འཆམ་མཐུན་དང་བདེ་སྐྱིད་ལྡན་པའི་འཚོ་བ་ཐད་ཀར་མྱོང་ལེན་དང་གཅེས་འཛིན་ཐུབ་པར་བྱས་ཡོད། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱ་ཐབས་དང་གཞི་རྟེན་གསར་གཏོད་ཧུར་ཐག་བྱེད་པ་དང་ལག་རྩལ་གསར་པ་དང་སྨྱན་སྦྱོར་གསར་པ་བེད་གང་ལེགས་སྤྱད་དེ་དངོས་ཚན་ཅན་གྱི་དྲིལ་བསྒྲགས་ཀྱི་གཞི་རྟེན་བཏོད་ནས་ས་ཁུལ་དང་། གྲོང་ཁྱེར། རྫོང་བཅས་སུ་མི་རིགས་མཐུན་སྒྲིལ་གྱི་བྱེད་སྒོ་ཏན་ཏིག་སྤེལ་ཡོད། ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བཅས་དང་འབྲེལ་གཏུག་ཧུར་ཐག་བྱེད་པ་དང་། “མི་རིགས་མཐུན་སྒྲིལ་གྱི་ཆེད་སྒྲིག་ལེ་ཚན”བཟོ་བ་མ་ཟད། ཉེ་བའི་ལོའི་རིང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལག་ལེན་ཁྲོད་ཐོན་པའི་ལས་ཀའི་དཔེ་མཚོན་དང་། ཉམས་མྱོང་གི་དཔེ་མཚོན། མི་སྣའི་དཔེ་མཚོན་བཅས་གཅིག་སྡུད་ཐོག་དྲིལ་བསྒྲགས་དང་གསར་འགྱུར་དུ་བཀོད་ནས་སྤྱི་ཚོགས་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྐད་སྒྲ་སྙན་པོ་སྔར་བས་བསྒྲགས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ཡག་པོ་བརྗོད་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།