[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • གོས་དར་ཞིག་ལས་བརྗོད་པའི་རྒྱང་སྐྱོད་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སུང་ཀྲེན་ཡོན། རེན་ཝེ།    |    སྤེལ་དུས།   2019-08-13

    651464_yis_1565586265500.jpg

    ཉིང་ཞ་ཤི་ཅི་རྫོང་གི་ཧུད་རིགས་མང་ཚོགས་གཅིག་འདུས་གྲོང་ཚོའི་ཏན་ཅཱ་ཅི་གྲོང་ཚོར་གོས་དར་ཞིག་ཡོད་པའི་ཐོག“ཧུད་རྒྱའི་སྤུན་ཟླ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་བཀོད་པའི་ཡིག་འབྲུ་དེ་ནི་དམར་དམག་དཔུང་སྡེ་ཉེར་ལྔ་པའི་དམག་དཔོན་ཁྲེང་ཙེ་ཧྭ་ཡིས་བྲིས་པ་ཞིག་རེད། འདི་ནི་དམར་དམག་ཏན་ཅཱ་ཅི་གྲོང་ཚོ་ནས་ཐེངས་དང་པོ་བརྒྱུད་སྐབས་དམག་དམངས་དབར་ཉ་ཆུ་ལྟ་བུའི་བརྩེ་སེམས་བཅངས་པའི་དཔང་རྟགས་ཤིག་རེད་ལ། མི་རིགས་མཐུན་སྒྲིལ་གྱི་མཚར་གཏམ་ཞིག་ལ་འགྱུར་ཡོད་ཅེས་ཏན་ཅཱ་ཅི་ཏན་ནན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཏན་ཡུན་གྱིས་དེ་ལྟར་བརྗོད།

    651573_yis_1565588814835.jpg

    འདི་ནི་ཉིང་ཞ་ཤི་ཅི་རྫོང་ཏན་ཅཱ་ཅི་གྲོང་ཚོའི་མང་ཚོགས་ཚོས་མ་དངུལ་གྲབས་གསོག་བྱས་ནས་བསྐྲུན་པའི་དྲན་གསོའི་རྡོ་རིང་ཡིན་པ།

    རྒྱང་སྐྱོད་བྱེད་སྐབས་དམར་དམག་ཏན་ཅཱ་ཅི་གྲོང་ཚོ་ནས་ཐེངས་གསུམ་བརྒྱུད་མྱོང་ཡོད། ཐེངས་དང་པོ་ནི་1935ལོའི་ཟླ་8ཚེས་15ཉིན་ཡིན་པ་དང་། ཁྲེང་ཙེ་ཧྭ་དང་ཝུའུ་ཧོན་ཤན་གྱིས་སྣེ་ཁྲིད་པའི་དམར་དམག་དཔུང་སྡེ་ཉེར་ལྔ་པ་ཏན་ཅཱ་ཅི་གྲོང་ཚོར་ཐོག་མར་འབྱོར་སྐབས་མང་ཚོགས་ཚོས“དམར་དམག་མཐོང་མ་ཐག་བྲོས་འགྲོ་གི་ཡོད”

    དཀའ་ཚེགས་ཀྱི་ལོ་ཟླའི་ནང་མི་སེར་ཚོར་གོ་མིན་ཏང་གི་དམག་དཔུང་དང་ཇག་པས་འབྲུ་རིགས་དང་དངུལ་འཕྲོག་བཅོམ་བྱེད་ཀྱི་ཡོད་པས་དམར་དམག་སླེབས་པ་ཐོས་མ་ཐག་སྐྲག་ནས་མི་སེར་ལ་ལ་གབ་པ་དང་ལ་ལ་བྲོས་ཀྱི་ཡོད་ཅེས་ཏན་ཡུན་གྱིས་བརྗོད།

    མི་སེར་ལ་བསུན་པོ་མི་ཡོང་ཆེད། དམར་དམག་དཔུང་སྡེ་ཉེར་ལྔ་པ་མཚན་མོ་གྲོང་ཚོ་ནས་བསྐྱོད་སྐབས་སྒོ་མི་རྡུང་བ་དང་སྒོ་རའི་ནང་མི་འཛུལ་བར་འཐབ་འཛིང་པ་ཚོ་སྲང་ལམ་སོགས་སུ་ཉལ་གྱི་ཡོད།

    “དམར་དམག་ནི་དབུལ་པོའི་ཆེད་དུ་དམག་རྒྱག་མཁན”ཞིག་ཡིན། ཧུད་རིགས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་ཆེད། ཆབ་སྲིད་ཨུ་ཡོན་ཝུའུ་ཧོན་ཤན་གྱིས་སྐུལ་སློང་ཚོགས་ཆེན་ཐོག“བཀག་རྒྱ་ཆེན་པོ་གསུམ་དང་དོ་སྣང་བྱེད་དགོས་པ་བཞི”སྟེ། དབྱི་སི་ལམ་གྱི་ཕྱག་ཁང་ནང་སྡོད་མི་ཆོག་པ་དངཧུད་རིགས་མང་ཚོགས་ཁྱིམ་དུ་དམར་ཟས་ཟ་མི་ཆོག་པ། ཧུད་རིགས་མི་དམངས་ཀྱི་འཚོ་བའི་གོམས་གཤིས་ལ་དོ་སྣང་དང་བརྩི་འཇོག་བྱེད་དགོས་པ་སོགས་ཁྱབ་བསྒྲགས་བྱས་པ་རེད། དམར་དམག་དཔུང་སྡེ་ཉེར་ལྔ་པའི་གཏམ་སྤྱོད་དག་མཐོང་ཐོས་བྱུང་རྗེས། མི་སེར་རྣམས་ཀྱིས་རང་ཁྱིམ་གྱི་སྒོ་མོ་ཕྱེ་ནས་ཁོང་ཚོར་བསུ་བ་ཞུས།

    དམག་དཔུང་ཡུལ་དེར་ངལ་གསོ་སྐབས། དམར་དམག་གི་འཐབ་འཛིང་པ་ཚོས་བཅའ་སྡོད་བྱ་ཡུལ་གྱི་སྒོ་ར་དང་། ཁྲོམ་གཞུང་། སྲང་ལམ་སོགས་ལ་གཙང་སྦྲ་ཡག་པོ་བྱས་པ་མ་ཟད། ད་དུང་མང་ཚོགས་ལ་ཆུ་ལེན་རོགས་དང་སྒོ་ར་འཕྱག་རོགས་དང་དམག་དཔུང་གི་སྨན་པ་ཚོས་མང་ཚོགས་ལ་སྨན་སྤྲོད་པ་དང་སྨན་བཅོས་བྱས་པར་བརྟེན། ས་གནས་དེ་གའི་མང་ཚོགས་ཀྱིས་དམར་དམག་ནི“བྱམས་བརྩེ་ལྡན་པའི་དཔུང་སྡེ”ཞིག་རེད་ཅེས་བསྔགས་བརྗོད་བྱས།

    ཕྱིས་སུ་ཝུའུ་ཧོན་ཤན་དང་ཁྲེང་ཙེ་ཧྭ་ཡིས“ཧུད་རྒྱའི་སྤུན་ཟླ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་འཁོད་པའི་གོས་དར་དང་ལུག་6ཏཱ་ཡང་6སོགས་ལག་རྟགས་འཁྱེར་ནས་ས་གནས་དེ་གའི་དབྱི་སི་ལམ་ཕྱག་ཁང་དུ་འཚམས་འདྲི་བྱས། ཧུད་རིགས་ཀྱི་མང་ཚོགས་ཚོས་ཀྱང་མི་རིགས་ཀྱི་གུས་ལུགས་གཞིར་བཟུང་། དམར་དམག་ལ་སྟོན་མོ་བཤམས་པ་དང་འབྲེལ། ཚོས་དམར་པོ་བྱུག་པའི་ལུག་ཁྱུ་གཅིག་དེད་ནས་དམག་དཔུང་ལ་འཚམས་ལན་ཞུས།

    དམར་དམག་ཡུལ་དེ་ནས་བྲལ་སྐབས་མི་སེར་ཚོས་ཁྲོམ་གཞུང་དུ་ཟ་རིགས་སྣ་ཚོགས་བསྒྲིགས་ནས་དམར་དམག་ལ་ཕེབས་སྐྱེལ་དང་ལམ་སྣེ་འཁྲིད་པ་རེད།

    “དམར་དམག་སླར་ཡང་སླེབས་བྱུང”ཟླ་བ་གཅིག་ལྷག་ཙམ་རྗེས་ཀྱི་ཟླ་10ཚེས་5ཉིན་མའོ་ཙེ་ཏུང་གིས་སྣེ་ཁྲིད་གནང་བའི་ཀྲུང་དབྱང་དམར་དམག་ཏན་ཅཱ་ཅིར་ནས་སྒྲོལ་སྐབས་དམར་དམག་དཔུང་སྡེ་ཉེར་ལྔ་པས་མང་ཚོགས་ཀྱི་རྨང་གཞི་ཡག་པོ་བཏིངས་བར་བརྟེན། ས་གནས་དེ་གའི་ཧུད་རིགས་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད། 1942ལོ་དཔེ་སྐྲུན་བྱས་པའི《དམར་དམག་རྒྱང་སྐྱོད་ཟིན་ཐོ》ཞེས་པའི་དེབ་ནང་ཏན་ཅཱ་ཅི་མང་ཚོགས་ཀྱིས་དམར་དམག་བསུ་བའི་སྐོར་བཀོད་པའི་རྩོམ་ཡིག་ནང“ཁྱེད་ཚོ་ནི་དབུལ་པོའི་ཁེ་ཕན་སྒྲུབ་རོགས་བྱེད་མཁན་ཡིན་པས། ཆབ་ཞིག་མཆོད་དང་དངུལ་མི་དགོས”ཞེས་བྲིས་ཡོད།

    ཏན་ཡུན་གྱིས་རྒན་རྒོན་ཚོའི་དྲན་གསལ་ལ། མའོ་ཀྲུའུ་ཞི་སོགས་དབུ་ཁྲིད་ཧྲའན་དབྱི་ཐང་དབྱི་སི་ལམ་ཕྱག་ཁང་དུ་གཟིགས་སྐོར་གནང་སྐབས་ཆོས་ལུགས་མི་སྣ་དང་མཉམ་དུ་བཀའ་མོལ་གནང་ནས། ཏང་གི་མི་རིགས་སྲིད་ཇུས་སྒྲོག་འགྲེལ་གནང་སྟེ་ཏན་ཅཱ་ཅིའི་རྒྱང་སྐྱོད་མཚར་གཏམ་ཞིག་ཏུ་གྱུར་ཡོད་ཅེས་བཤད་པའི་སྐོར་བཤད།

    “ལོ་དེར་མའོ་ཀྲུའུ་ཞི་ཞིང་པ་ཀྲང་ཁྲུན་ཏེའི་ཁྱིམ་དུ་བཞུགས་པ་དང་། ཁོང་མནལ་ཡག་པོ་ཞིག་གཟིམ་ཐུབ་ཆེད། ས་ཁྲི་དྲོ་པོ་བཟོས་ཡོད”ཅེས་ཏན་ཡུན་གྱིས་བརྗོད། དེ་སྔ་མའོ་ཀྲུའུ་ཞི་གཟིམ་མྱོང་བའི་ས་ཕག་གི་ཁང་པ་དེ་མའོ་ཀྲུའུ་ཞིའི་བཞུགས་གནས་རྙིང་པར་བརྩིས་ནས་ཉར་ཚགས་བྱས་ཡོད།

    སྒོའི་ཐོག་སྐབས་དེ་དུས་གོ་མིན་ཏང་གནམ་གྲུས་འབར་མདེལ་དབྱུག་པའི་རྡེལ་ཚགས་ཀྱི་ཨི་ཁུང་ཆེ་ཆུང་སྣ་ཚོགས་གསལ་པོར་མཐོང་རྒྱུ་ཡོད། 1996ལོར་ཏན་ཅཱ་ཅི་མང་ཚོགས་ཚོས་ཞལ་འདེབས་ཕུལ་ནས་ཀྲུའུ་ཞི་གཟིམ་མྱོང་བའི་སྡོད་ཁང་ཉམས་གསོ་བྱས་ཏེ“མི་དམངས་ཀྱི་མགོན་སྐྱབས་དང་རླབས་ཆེན་གྱི་གཙོ་འཛིན”ཞེས་འཁོད་པའི་དྲན་གསོའི་རྡོ་རིང་བཙུགས་ཡོད།

    “དམག་དཔུང་དེ་ལྟ་བུར་དམངས་སེམས་ཐོབ་ངེས་ཡིན་ལ། འབྱུང་འགྱུར་གནམ་འོག་ཐོབ་ངེས་ཡིན”ཏན་ཅཱ་ཅིའི་རྒན་རབས་པ་ཚོའི་ངག་རྒྱུན་ནང་དམར་དམག་གི་གཏམ་རྒྱུད་སྐོར་གྱི་སྐད་ཆ་དེ་ལྟར་ཞིག་གྲགས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།