[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ།

    བོད་ཀྱི་ཞིང་འབྲོག་ཁུལ་དུ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-12

    ཉེ་བའི་ལོ་ཤས་རིང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་རང་ལྗོངས་ཀྱིས་མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ། མི་རིགས་མཐུན་སྒྲིལ་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ཡང་དག་པའི་སྒོ་ནས་དོན་འཁྱོལ་བྱས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་བས་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལས་དོན་ལ་གྲུབ་འབྲས་ཡག་པོ་ཐོབ་ཡོད།

    རོགས་སྐྱོར་ལས་དོན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ།

    ཉེ་བའི་ལོ་ཤས་རིང་། བོད་སྐྱོར་ལས་དོན་རུ་ཁག་གིས་ཀྲུང་དབྱང་གི་ཁ་གཏད་བོད་སྐྱོར་ལས་དོན་གྱི་མཛུབ་ཁྲིད་བྱེད་ཕྱོགས་ཁོང་དུ་ཡག་པོ་ཆུད་པ་དང་། ཁ་གཏད་བོད་སྐྱོར་ལས་དོན་གྱི་ཡུན་རིང་རང་བཞིན་ངོས་འཛིན་གང་ལེགས་བྱས་ཏེ་ཁ་གཏད་བོད་སྐྱོར་ལས་དོན་གྱི་མང་ཚོགས་རང་བཞིན་ཐོག་མཐའ་བར་གསུམ་དུ་སྟངས་འཛིན་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོ་ལེགས་སུ་ནུས་ལྡན་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་སོགས་ཐད་འབད་བརྩོན་ཧུར་ཐག་བྱས་ཏེ་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་སྐྱེས་སུ་ཧུར་ཐག་ཕུལ་ཡོད་པ་རེད།

    ཐེན་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་མི་རིགས་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་འཕེལ་རྒྱས་ལ་བརྟེན་ནས་མཐུན་སྒྲིལ་སྲུང་སྐྱོང་བྱས་ཡོད། གནད་སྨིན་དབུལ་སྐྱོར་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་རྣམ་གྲངས་4ལག་བསྟར་བྱས་ནས་མ་དངུལ་སྒོར་ཁྲི་3500ལྷག་ཙམ་བཏང་བ་དང་། ཁ་རུབ་ཆུས་པོ་ཡུས་ཞིང་ལས་སྣོད་བཅུད་གླིང་བཙུགས་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.6བཏང་བ་དང་། མིག་སྔར་དུས་ཐེངས་དང་པོའི་དྲོད་ཁང་ཆེ་མོ་21བསྐྲུན་པ་དང་འབྲེལ། སྤྱོད་འགོ་ཚུགས་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་40ཡི་མི་རེར་ཆ་སྙོམས་ཡོང་འབབ་སྒོར་4500ཡོང་རྒྱུར་སྐུལ་ཁྲིད་བྱས་པ། ཁ་རུབ་ཆུས་བོད་སྨན་སྨན་རྩྭ་འདེབས་འཛུགས་རྟེན་གཞི་བཙུགས་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་9ཡི་མི་9ལ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་6000ཡོང་རྒྱུའི་སྐུལ་ཁྲིད་བྱས་ཡོད་པ་རེད།

    “སྔོན་ལ་གཉིས”ཀྱི་གྲུབ་འབྲས་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་པ།

    རང་ལྗོངས་ཀྱིས“ཕྱོགས་ཡོངས་ནས་འབྲོར་འབྲིང་མངོན་འགྱུར་བྱེད་པ་དང་། མི་རིགས་གཅིག་ཀྱང་ཉུང་མི་རུང་བ། མི་རིགས་གཅིག་ཀྱང་རྗེས་སུ་མི་ལུས་པ་བཅས”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མི་རིགས་ས་ཁུལ་དང་མི་འབོར་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་འཆར་འགོད་ཀྱི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཆེད་དོན་འཆར་འགོད་གཉིས་ཀྱི་དུས་དཀྱིལ་གྱི་ཚོད་སྐོར་ལེགས་གྲུབ་བྱས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་འཆར་འགོད་ལག་བསྟར་དོན་འཁྱོལ་བྱས་ཏེ་མཐའ་དར་དམངས་ཕྱུག་དང་དབུལ་སྒྲོལ་འགག་སྒྲོལ་གྱི་འཇུག་གཞི་གནད་ལ་འཁེལ་པོས་བཙལ་ནས་འབྲེལ་མཐུད་ནུས་ལྡན་དང་མཉམ་འདྲེས་ཡག་པོ་བྱས་ཏེ་གྲངས་ཉུང་མི་རིགས་འཕེལ་རྒྱས་གཏོང་བའི་མ་དངུལ(མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་མ་དངུལ)སྒོར་དུང་ཕྱུར་29.7105བསྡུ་སྒྲིལ་བྱས་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་སྤྱོད་ནང་ཧུར་ཐག་ཞུགས་པ། གྲོང་ཁྱེར་དང་ས་ཁུལ་7གྱི་མི་རིགས་དཔལ་འབྱོར་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་ཀྱི་མི་རིགས་དཔལ་འབྱོར་ལས་དོན་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱས་པའི་ས་གནས་ས་ཐོག་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་ནས་མི་རིགས་དཔལ་འབྱོར་ལས་དོན་གྱི་ལས་འགན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད་པ་རེད།

    མི་རིགས་མཐུན་སྒྲིལ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ།

    མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་དམིགས་ནས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀུན་སེམས་གཅིག་སྒྲིལ་ཀྲུང་གོའི་ཕུགས་འདུན་གཏོད”པའི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་རྩ་བའི་གཙོ་རྐང་སྟངས་འཛིན་ཡང་དག་བྱེད་པ། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ཕྱོགས་ཡོངས་དང་གཏིང་ཟབ་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

    2018ལོར་རང་ལྗོངས་ཀྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱ་རྒྱུའི་བརྩོན་ལེན་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སྡེ་ཁུལ་དང་། ཤང་དང་གྲོང་ཚོ། སློབ་གྲྭ་བཅས་སུ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དང་ཁང་ཕྱིའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད། ཆབ་མདོ་གྲོང་ཁྱེར་དང་མཉམ་འབྲེལ་ཐོག་ཀྲུང་ཧྭའི་རིག་གནས་དང་། བོད་ཀྱི་རིག་གནས། ཆབ་མདོའི་རིག་གནས་བཅས་ལས་སྟེགས་གསུམ་གྱིས་བརྗོད་དོན་གཙོ་བོར་བྱས་པའི“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁྲོམ་གཞུང་གཅིག་གཏོད་པའི”བྱེད་སྒོ་སོགས་ཧུར་ཐག་སྤེལ་བ་དང་། དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།