[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མཐུན་སྒྲིལ་རོལ་དབྱངས་མཉམ་དུ་བརྩམས། མེས་རྒྱལ་ཕྱོགས་ལ་བསྟོད་གླུ་འབུལ།

    ​ གཞིས་རྩེ་གྲོང་ཁྱེར་གྱིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས“མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོར”རྟེན་འབྲེལ་གཟབ་རྒྱས་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-13

    ཟླ་བ་དྲུག་པའི་གཞིས་རྩེར་ནམ་མཁའ་དྭངས་ཤིང་བསིལ་རླུང་འཇམ་པ་དང་རྩྭ་རྩི་ཤིང་སྔོ་ཐིང་ངེར་གནས། དབྱར་དུས་ཀྱི་མཛེས་ལྗོངས་ཁྲོད་གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་གླུ་ལེན་གར་འཁྲབ་ངང་གྲོང་ཁྱེར་ཡོངས་ཀྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོ”ཐེངས་གཉིས་པར་རྟེན་འབྲེལ་གཟབ་རྒྱས་ཞུས།

    ཟླ་6ཚེས་2ཉིན་གྱི་སྔ་དྲོ་གཞིས་རྩེ་གྲོང་ཁྱེར་གྱིས“6·2མཐུན་སྒྲིལ་རོལ་དབྱངས་མཉམ་དུ་བརྩམས། མེས་རྒྱལ་ཕྱོགས་ལ་བསྟོད་གླུ་འབུལ”ཞེས་པའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིས་གཏམ་བཤད་སྤེལ་བ་དང་། གཞིས་རྩེའི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་དང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོར་བཅངས་པའི་གཅེས་སེམས་མཚོན་པར་བྱས་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་ཚོགས་བརྟན་ལྷིང་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་ཆོད་སེམས་དང་ཡིད་ཆེས་ཐུན་མོང་ཐོག་མཚོན་པར་བྱས་པ་རེད།

    མཐུན་སྒྲིལ་རོལ་དབྱངས་མཉམ་དུ་བརྩམས། མེས་རྒྱལ་ཕྱོགས་ལ་བསྟོད་གླུ་འབུལ། ཉིན་ཤས་བསྟུད་མར་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་བྱ་ཐབས་སྣ་མང་བརྒྱུད་བྱེད་སྒོའི་ཁྱབ་རྒྱ་དང་། ཡིད་དབང་འགུག་ནུས། ཕན་འབྲས་རང་བཞིན་བཅས་ཆེ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔྱིད་རླུང་གྲོང་ཁྱེར་ཡོངས་སུ་ལྡང་བར་བྱས།

    ཟླ་5ཚེས་30ཉིན་གྱི་སྔ་དྲོ། ལྷ་རྩེ་རྫོང་གིས་གཞིས་རྩེ་གྲོང་ཁྱེར་གྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོ”ཐེངས་གཉིས་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་ཞུགས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཐུས་མི་ཚོས་བབ་ཆགས་པའི་སྐད་ཆའི་ཐོག་ནས་མཛེས་སྡུག་ལྡན་པའི་འཚོ་བར་རེ་འདོད་དང་འཚོ་བ་དངོས་ལ་བློ་ཡིད་ཚིམ་ཚད་དང་དེ་བཞིན་སྤྱིར་བཏང་གི་ལས་གནས་ཐོག་དམངས་ལ་ཞབས་ཞུ་བྱེད་པའི་སྤྲོ་སེམས་མཚོན་པར་བྱས།

    ཟླ་5ཚེས་31ཉིན་གྱི་སྔ་དྲོ། གྲོ་མོ་རྫོང་ཏང་སྲིད་ཁང་ཆེན་མདུན་དུ་ཚོན་དར་ལྷབ་ལྷུབ་ཏུ་གཡོ་བ་དང་། མི་ཚོགས་ཀྱིས་ཁེངས་པ། གླུ་གར་ལ་རོལ་བ་བཅས“མཐུན་སྒྲིལ་རོལ་དབྱངས་མཉམ་དུ་བརྩམས། མེས་རྒྱལ་ཕྱོགས་ལ་བསྟོད་གླུ་འབུལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་། ལྟད་མོ་ཆེ་བའི་ལེ་ཚན་བརྒྱུད་ཏང་དང་། མེས་རྒྱལ། སྤྱི་ཚོགས་རིང་ལུགས་ཀྱི་གྲོ་མོ་གསར་པ་བཅས་ལ་བསྟོད་གླུ་ཕུལ་བ་རེད།

    ཟླ་6ཚེས་1ཉིན། གཉའ་ནང་རྫོང་གིས་གཉའ་ནང་སློབ་འབྲིང་དུ་བརྗོད་དོན་གཙོ་བའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་ནས“མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོ”ཐེངས་གཉིས་པར་རྟེན་འབྲེལ་ཞུས་པ་རེད།

    ཟླ་6ཚེས་2ཉིན། ཁང་དམར་རྫོང་གིས“མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོར”རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ་དང་མི་རིགས་ཁག་གི་ཞིང་འབྲོག་མང་ཚོགས་དང་། རྫོང་སློབ་འབྲིང་གི་སློབ་མ། རྫོང་ཐད་གཏོགས་ཚན་པ་ཁག་གི་ལས་བྱེད་ལས་བཟོ་བཅས་ཁྱོན་མི་300ལྷག་ཙམ་མཛད་སྒོར་ཞུགས་ཡོད་པ་རེད།

    བཞད་མཐོང་སྨོན་རྫོང་དུ་ཡུལ་དེའི་ལས་བྱེད་མང་ཚོགས་ཀྱིས་རྫོང་དེའི་ཕྱོགས་བསྡུས་ལས་སྒོ་སྤེལ་ཡུལ་ཚོགས་ཁང་ཆེ་མོར“མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོ”དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་བཤད་འགྲན་བསྡུར་བྱས་པ་རེད། བདམས་ཐོན་པ་ཚོས་བཞད་མཐོང་སྨོན་རྫོང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་མི་རིགས་མཐུན་སྒྲིལ་ལ་གཞོལ་བའི་རྣམ་པ་བཟང་པོ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།

    “མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོ”ཐེངས་གཉིས་པ་སྤེལ་རིང་། གཞིས་རྩེ་གྲོང་ཁྱེར་གྱི་ཏང་ཡོན་ལས་བྱེད་པས་གཞི་རིམ་དང་ཞིང་ནང་དུ་བསྐྱོད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ལྟེ་བའི་དོན་སྙིང་། མི་རིགས་སྲིད་ཇུས་དང་ཁྲིམས་སྲོལ་སོགས་ཀྱི་ནང་དོན་བཅས་དྲིལ་བསྒྲགས་དང་སྒྲོག་འགྲེལ་ཤུགས་ཆེན་བྱས་ཡོད།

    ཟླ་6ཚེས་2ཉིན། གཞིས་རྩེ་གྲོང་ཁྱེར་བཀྲས་ལྷུན་དགོན་ཐང་ཆེན་དུ་རིག་རྩལ་འཁྲབ་སྟོན་བྱེད་སྒོ་གཟབ་རྒྱས་འཚོགས་ཤིང་། དགའ་སྤྲོ་རབ་ཏུ་འཁོལ་བའི་རྣམ་པའི་ཁྲོད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་དོན་གཙོ་བོ་དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་རེད།

    519578_yis_1528268111231.jpg

    སློབ་མ་ཚོས་གཞིས་རྩེ་གྲོང་ཁྱེར་གྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོ”ཐེངས་གཉིས་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་ལ་ལྟ་བ།

    519581_yis_1528268111886.jpg

    公式གཞིས་རྩེ་གྲོང་ཁྱེར་གྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོ”ཐེངས་གཉིས་པ་སླེབས་ཉེའི་སྐབས་གཞིས་རྩེ་གྲོང་ཨུད་དྲིལ་བསྒྲགས་པུའུ་སོགས་སྡེ་ཚན་གྱིས་མང་ཚོགས་ཁྲོད“མཐུན་སྒྲིལ་རོལ་དབྱངས་མཉམ་དུ་བརྩམས། མེས་རྒྱལ་ཕྱོགས་ལ་བསྟོད་གླུ་འབུལ”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

    519582_yis_1528268112135.jpg

    གཞིས་རྩེའི“6·2མཐུན་སྒྲིལ་རོལ་དབྱངས་མཉམ་དུ་བརྩམས། མེས་རྒྱལ་ཕྱོགས་ལ་བསྟོད་གླུ་འབུལ”ཞེས་པའི་བཞུགས་མོལ་ཚོགས་འདུ་འཚོགས་ཡུལ་ཡིན་པ།

    519584_yis_1528268112525.jpg

    གྲོ་མོའི“མཐུན་སྒྲིལ་རོལ་དབྱངས་མཉམ་དུ་བརྩམས། མེས་རྒྱལ་ཕྱོགས་ལ་བསྟོད་གླུ་འབུལ”ཞེས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་བྱེད་སྒོར་དཔུང་སྡེའི་དཔོན་དམག་གིས《གངས་ལྗོངས་ཀྱི་དཔའ་རྒོད》ཅེས་པ་འཁྲབ་སྟོན་བྱས་པ།

    519577_yis_1528268110997.jpg

    གཞིས་རྩེ་གྲོང་ཁྱེར་གྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོ”ཐེངས་གཉིས་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་གྱི་འགོ་ཚུགས་འཁྲབ་སྟོན་ཡིན་པ།

    519580_yis_1528268111652.jpg

    ཁང་དམར་རྫོང་དུ་རྒྱལ་དར་སྒྲེང་བའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།