[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • རྒྱ་བོད་ཁྱིམ་ཚང་གཅིག་ལྟར་བརྩེ། མི་རིགས་བརྩེ་བ་སྔར་བས་ཟབ།

    ཆབ་མདོ་མིན་ཨན་སྨན་ཁང་གི་ཡོན་ཀྲང་ཝུའུ་ཁེ་ཧྭ་ཡི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-06

    1978ལོར་སྐྱེས་པའི་ཝུའུ་ཁེ་ཧྭ་ནི་ཁྲུང་ཆིང་ཐུང་ལེང་གི་སྨན་པ་ཞིག་རེད། 1999ལོར་ལས་ཀར་ཞུགས་ཚུན་ཝུའུ་ཁེ་ཧྭ་ཡིས་ཁྲུང་ཆིང་ཐུང་ལེང་ཆུས་དང་ཤིན་ཅང་དབྱི་ལི་ས་ཁུལ་གྱི་ཕྱི་བཅོས་ཚན་ཁག་དུ་ལས་ཀ་བྱེད་མྱོང་བ་དང་2015ལོར་ཆབ་མདོར་ཡོང་།

    ལོ་གསུམ་གྱི་རིང་། ཆབ་མདོ་མིན་ཨན་སྨན་ཁང་གི་ཁྲིམས་མི་ཡིན་པའི་ཝུའུ་ཁེ་ཧྭ་ཡིས་སྨན་ཁང་འཕེལ་རྒྱས་དང་སྟོབས་ཆེར་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱས་པ་མ་ཟད། ཆབ་མདོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དང་སྤྱི་ཚོགས་བརྟན་ལྷིང་དང་འཕེལ་རྒྱས་ཡོང་ཆེད་འབུལ་འོས་པའི་ལེགས་སྐྱེས་ཀྱང་ཕུལ་ཡོད།

    སྨན་ཁང་གི་ཡོན་ཀྲང་ཞིག་ཡིན་པའི་ཝུའུ་ཁེ་ཧྭ་ལ་སྨན་ཁང་བཙུགས་པའི་ཐོག་མའི་དུས་ནས་ངེས་པར་དུ་བོད་རིགས་སྤུན་ཟླ་དང་འདྲ་མཉམ་དང་། རོགས་རེས། མཐུན་སྒྲིལ། འཆམ་མཐུན་བཅས་ཀྱི་མི་རིགས་འབྲེལ་བ་ཞིག་འཛུགས་དགོས་པའི་ངོས་འཛིན་བྱུང་ལ། སྨན་ཁང་ཡོངས་ཀྱི་ལས་བཟོར་བོད་རིགས་སྤུན་ཟླ་དང་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་བརྩི་འཇོག་བྱེད་དགོས་པ་དང་དེ་བཞིན་བྱང་ཆུབ་པའི་སྨན་བཅོས་ལག་རྩལ་དང་། སེམས་རྩ་འཁོལ་བའི་ཞབས་ཞུ། ལྷད་མེད་པའི་བརྩེ་བ་བཅས་ལ་བརྟེན་ནས་བོད་རིགས་སྤུན་ཟླར་སྨན་བཅོས་ཡག་པོ་བྱས་ཏེ་མགྱོགས་ནས་མྱུར་དུ་ནད་གཞི་དྲག་སྐྱེད་ཡོང་བ་བྱེད་དགོས་པའི་སློབ་གསོ་དང་དྲན་སྐུལ་རྟག་ཏུ་བྱེད་ཀྱི་ཡོད།

    ཕྱི་བཅོས་ཚན་ཁག་གི་སྨན་པ་ཞིག་ཡིན་པའི་ཝུའུ་ཁེ་ཧྭ་རྟག་ཏུ་ལས་ཀའི་འཐབ་ས་དང་པོ་ནས་ཁ་བྲལ་གྱི་མེད་ཅིང་། དུས་ཐོག་ཏུ་ཟས་ཟ་བའི་དུས་ཚོད་སྤྱིར་ན་མེད། རྒྱུན་དུ་ཉིན་མོ་གཤགས་བཅོས་བྱེད་པ་དང་སྒོ་བསྟེན་སྨན་བཅོས་བྱེད་པར་སྐྱོད་དགོས་པ་དང་མཚན་མོ་གཞུང་ལས་ཁང་དུ་བསྡད་ནས་སྨན་ཁང་གི་གནད་དོན་ཆེ་ཆུང་ཚང་མ་ཐག་གཅོད་བྱེད་དགོས་ཀྱི་ཡོད། ནད་པ་ཚབས་ཆེན་འབྱོར་ཚེ་མཚན་མོ་མལ་ནས་དེ་མུར་ལངས་ཏེ་གཤགས་བཅོས་ཁང་དུ་གཤགས་བཅོས་བྱེད་པར་འགྲོ་དགོས་པ་མ་ཟད། ད་དུང་སྤྱིར་ན་གཤགས་བཅོས་བྱེད་ཐེངས་གཅིག་ལ་མཚན་གང་འགོར་བ་དང་ཉིན་གཉིས་པར་མུ་མཐུད་ལས་ཀར་འགྲོ་དགོས་ཀྱི་ཡོད། སྨན་ཁང་བཙུགས་པ་ནས་ད་བར་ཝུའུ་ཁེ་ཧྭ་ཡིས་རིམ་རྩིས་བྱས་ན་བོད་རིགས་སྤུན་ཟླ་ཁྱོན་1300ལྷག་ཙམ་ལ་གཤགས་བཅོས་བྱས་པའི་ནང་སྨན་བཅོས་དོན་རྐྱེན་གཅིག་ཀྱང་ཐོན་མྱོང་མེད།

    2017ལོའི་ཟླ་བ་བརྒྱད་པའི་ཉིན་ཞིག་གི་མཚན་མོའི་ཆུ་ཚོད་བཅུ་གཅིག་ཙམ་དུ་སྨན་ཁང་ལ་སྟེང་ཆེན་རྫོང་གི་ཕྲུ་གུ་བཙས་རྗེས་ཁྲག་མང་པོ་དོན་པའི་བུད་མེད་ནད་པ་ཞིག་གི་རོགས་སྐྱོབ་ཁ་པར་འབྱོར། ཉིན་དེའི་མཚན་མོ་ཆར་པ་བབ་རུང་ཝུའུ་ཁེ་ཧྭ་ཡིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མྱུར་སྐྱོབ་མི་སྣ་སྒྲིག་འཛུགས་དང་མྱུར་སྐྱོབ་སྨན་རྫས་གྲ་སྒྲིག་བྱས་ཏེ་འཕྲལ་མར་སྟེང་ཆེན་རྫོང་གི་ཕྱོགས་སུ་བསྐྱོད། ཁོང་ཚོས་ལམ་བར་དུ་རི་ཉིལ་བའི་ཉེན་ཁ་ཆེན་པོར་མ་འཛེམས་པར་ཆར་པའི་ཁྲོད་དུ་སྤྱི་ལེ་400ལྷག་ཙམ་ཛ་དྲག་ངང་བསྐྱོད་མཐར་ནད་པའི་སར་འབྱོར་ཞིང་། མྱུར་སྐྱོབ་བྱས་པ་བརྒྱུད་བོད་རིགས་སྤུན་ཟླ་དེའི་ནད་གཞི་ཞི་ལྷོད་དུ་སོང་བ་རེད།

    ཝུའུ་ཁེ་ཧྭ་ནི་རྩེར་སོན་གྱི་ལག་རྩལ་དང་ཟོལ་མེད་ཀྱི་རྣམ་འགྱུར་ཐོག་ནས་བོད་རིགས་ནད་པར་སྨན་བཅོས་བྱེད་མཁན་སྨན་པ་ཞིག་རེད། ཁོང་གིས་རྣམ་ཀུན་གཤགས་བཅོས་མ་བྱས་གོང་ཚང་མ་དང་མཉམ་དུ་ནད་གཞིའི་སྐོར་གྲོས་བསྡུར་ཡང་ཡང་བྱེད་པ་དང་། སྨན་བཅོས་བྱེད་སྟངས་འཚམ་ཤོས་གཏན་འཁེལ་བྱེད་པ། བོད་རིགས་ནད་སྐྱོང་པའི་གཞོགས་འདེགས་འོག་ནད་པ་དང་དེ་བཞིན་ནད་པའི་ནང་མི་ཚོ་དང་བསམ་པ་རྣམ་དག་གིས་གླེང་མོ་བྱེད་པ་དང་། བོད་རིགས་ནད་པ་ཚོར་སྨན་རིན་ཉུང་ཤོས་བཏང་ནས་སྨན་བཅོས་ཞབས་ཞུ་ལེགས་ཤོས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།