[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མི་རིགས་སྣ་ཚོགས་འཆམ་མཐུན་ལྡན། མཛེས་སྡུག་འཚོ་བ་མཉམ་དུ་བཏོད།

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གྲོང་བྱང་ཁྲོམ་གཞུང་སྡེ་ཁུལ་འཛུགས་སྐྲུན་ལས་དོན་གྱི་སྐོར་རགས་ཙམ་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-06

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་བྱང་རྒྱུད་དུ་གནས་པའི་གྲོང་བྱང་ཁྲོམ་གཞུང་ལ་བོད་རིགས་དང་། རྒྱ་རིགས། ཧུད་རིགས། སོག་རིགས། ཏུང་ཞང་རིགས། ཐུའུ་ཅ་རིགས། མོན་པ་རིགས། ལྷོ་པ་རིགས། མེའོ་རིགས། ཀེ་ལའོ་རིགས། འཇང་རིགས་སོགས་མི་རིགས་བཅུ་གཅིག་གི་གྲོང་མི་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད། ཉེ་བའི་ལོ་ཤས་རིང་གྲོང་བྱང་ཁྲོམ་གཞུང་དོན་གཅོད་ཁང་གིས་མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ་གཏོང་རྒྱུ་དེ་ཕྲ་བཏབ་རྣམ་པའི་སྡེ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གཙོ་བོར་བརྩིས་ཏེ་མི་རིགས་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་གསུམ་དང་ཐུན་མོང་ཐོག་དར་ཞིང་རྒྱས་པའི་རྣམ་པ་གསོན་ཉམས་དོད་པོ་ཞིག་བཏོད་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་ལས་དོན་ཡག་པོ་སྒྲུབ་པར་ཆེས་འགག་རྩར་གྱུར་པ་ཞིག་ནི་མི་རིགས་མཐུན་སྒྲིལ་ཡག་པོ་བྱ་རྒྱུ་དེ་ཡིན”ཞེས་ནན་བཤད་གནང་མྱོང་ཡོད།

    གྲོང་བྱང་ཁྲོམ་གཞུང་དོན་གཅོད་ཁང་གིས་རིག་གནས་ཀྱི་མོས་སེམས་ཆེ་རུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་གྱི་བསམ་བློ་བརྟན་དུ་གཏོང་བ་སོགས་ཀྱི་ལས་དོན་འབད་པ་ཆེར་སྐྱེད་ཀྱིས་བསྒྲུབས་ཡོད།

    ཁྲོམ་གཞུང་དོན་གཅོད་ཁང་གིས“མི་རིགས་མཐུན་སྒྲིལ་ཟླ་བ”དང“ཕྱོགས་བསྡུས་བཅོས་སྐྱོང་དྲིལ་བསྒྲགས་ཟླ་བ”གོ་སྐབས་སུ་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་བྱེད་སྒོ་ཏན་ཏིག་སྤེལ་ཞིང་། ལོ་ཧྲིལ་པོར་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་བྱེད་སྒོ་ཐེངས་10ལྷག་ཙམ་སྤེལ་བ་དང་། དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་5000ལྷག་ཙམ་སྤྲད་པ། འཕྲེད་འགེལ་ཡིག་རིགས་100ལྷག་ཙམ་དང་འགྲེམས་པང་12བཟོས་ཡོད། 2017ལོར་སྡེ་ཁུལ་ཁག་གིས་མི་རིགས་མཐུན་སྒྲིལ་གཅིག་སྡུད་སློབ་སྦྱོང་སློབ་གསོའི་བྱེད་སྒོ་ཐེངས་8སྤེལ་བ་དང་བྱེད་སྒོར་ཞུགས་མཁན་མང་ཚོགས་མི་ཐེངས་2000ལྷག་ཙམ་བྱུང་བ་ལས་ཏང་གི་མི་རིགས་སྲིད་ཇུས་དང“ཁ་འབྲལ་ཐབས་མེད་པ་གསུམ”སོགས་མི་རིགས་མཐུན་སྒྲིལ་གྱི་སྲོལ་རྒྱུན་བཟང་པོ་ཁྱིམ་ཚང་ཚང་མས་ཤེས་པ་དང་མི་རྣམས་ཀྱི་སེམས་སུ་ཟུག་ཡོད།

    “ཁོངས་གཏོགས་ཁུལ་གྱི་གྲོང་པ་ཚང་མ་ནི་ངའི་གཅེན་གཅུང་མིང་སྲིང་ཡིན། ང་ཚོ་ཁ་འབྲལ་ཐབས་མེད་པའི་ཁྱིམ་ཚང་ཆེ་མོ་ཞིག་ནང་སྡོད་ཀྱི་ཡོད”ཅེས་གྲོང་བྱང་ཁྲོམ་གཞུང་ཅང་ལོ་སྡེ་ཁུལ་གྱི་གྲོང་མི་མཱ་ཀཱ་ཏོ་ཡིས་བཤད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།