[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མི་རིགས་མཐུན་སྒྲིལ་གྱི་དུས་རབས་གསར་པའི་རྒྱལ་ཁའི་གླུ་དབྱངས་ལེན།

    བོད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་སྤེལ་བའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-06

    474927_yis_1516600460436.jpg

    འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཝ་པ་གླིང་སྡེ་ཁུལ་གྱི་མི་རིགས་ཁག་གི་གྲོང་མིས་ཟླ་མཆོད་དུས་ཆེན་གཏོང་བའི་གནས་ཚུལ་ཡིན་པ།

    474928_yis_1516600461996.jpg

    འདི་ནི་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་སྤྱི་བདེ་མཐའ་སྲུང་དཔོན་དམག་གིས་བཅའ་སྡོད་བྱ་ཡུལ་གྱི་བོད་རིགས་མང་ཚོགས་དང་མཉམ་དུ“གར་རྩེད་པར་ལེན”ལ་རོལ་བཞིན་པ།

    474926_yis_1516600458782.jpg

    འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཝ་པ་གླིང་སྡེ་ཁུལ་གྱི་ཏང་ཡོན་གྱིས་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་བྱེད་བཞིན་པ།

    གསར་གཏོད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ།

    “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས”ཞེས་པ་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་གསུང་བཤད་ཀྱིས་རང་ལྗོངས་ལ་མི་རིགས་ལས་དོན་སྤེལ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་ཕྱོགས་ཡོངས་གཏིང་ཟབ་དང་རྒྱུན་མཐུད་ངང་སྤེལ་རྒྱུ་ནི་དུས་བབ་གསར་པའི་འོག་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་ལ“དུས་རྒྱུན་ནས་སྣང་ཆེན་དང་། དུས་རྒྱུན་ནས་དམ་འཛིན་ཡག་པོ། སེམས་པ་གཅིག་སྦྲེལ་ལ་སྣང་ཆེན། སེམས་པ་བརྗེ་རེས”བཅས་བྱེད་པའི་མི་རིགས་ལས་དོན་གྱི་འདུ་ཤེས་མཚོན་ཡོད་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ”གཏོང་བའི་རྩ་བའི་ལས་འགན་ལ་དམ་པོར་དམིགས་པ་དང་དུས་མཚམས་ཁག་གི་དུས་བབ་ཀྱི་བླང་བྱར་གཞིགས་ནས་ལྗོངས་ཡོངས་ཀྱི་མི་རིགས་ལས་དོན་འཕྲལ་དུ་ཞིབ་འཇུག་དང་། བཀོད་སྒྲིག སྐུལ་འདེད་བཅས་བཏང་ཡོད་པ་རེད།

    ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག“མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་བྱ་རྒྱུ་དེ་མི་རིགས་ཁག་གི་ཁེ་ཕན་ཆེ་ཤོས་ལ་བརྩི་སྲུང་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཚད་གཞི་མཐོ་ཤོས་ཀྱིས་གཅིག་སྡུད་བྱེད་དགོས་པའི”ནན་བཤད་གནང་བ་རེད།

    གསར་གཏོད་ཀྱི་དཔེ་མཚོན་སྐྱེད་སྲིང་བྱེད་པ།

    ལྗོངས་ཡོངས་ཀྱིས་མི་རིགས་མཐུན་སྒྲིལ་གཏོད་པའི་བྱེད་སྒོ་གཏིང་ཟབ་དང་རྒྱུན་མཐུད་ངང་སྤེལ་ནས་མི་རིགས་མཐུན་སྒྲིལ་ལས་དོན་གྱི་དཔེ་མཚོན་ཁག་གཅིག་སྐྱེད་སྲིང་བྱས་ཤིང་། མིག་སྔར་ལྗོངས་ཡོངས་སུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་དཔེ་སྟོན་ཚན་པ་23དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་6 རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་དཔེ་སྟོན་ཚན་པ་10བཅས་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་ལ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་དཔེ་སྟོན་གྲོང་ཁྱེར”ཞེས་པའི་མིང་བཏགས་ཡོད་ལ། ལྗོངས་ཡོངས་སུ་མཚན་སྙན་ཁྱད་པར་ཅན་ཐོབ་པའི་གྲོང་ཁྱེར་འབའ་ཞིག་ཡིན་པ་དེ་ཐོག་ནས་ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།

    2012ལོ་ནས་བཟུང་། ལོ་ལྟར་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐེངས་རེ་འཚོགས་ཏེ་རྔ་རྡུང་དར་འཕྱར་གྱི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་དཔེ་མཚོན་དཔྱད་འདེམས་དང་གཟེངས་བསྟོད་བྱེད་པ་དང་ཁྱོན་རང་སྐྱོང་ལྗོངས་རིམ་པའི་དཔེ་བཟང་མཉམ་སྡེབ་802དང་དཔེ་བཟང་མི་སྒེར་1207ལ་གཟེངས་བསྟོད་བྱས་ཡོད་པ་རེད།

    གསར་གཏོད་ཀྱི་དྲིལ་བསྒྲགས་ཤུཌ་ཆེན་བྱེད་པ།

    “3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་200ལྷག་ཙམ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣ་ཤང་གི་དུས་བཞིའི་བཀྲ་ཤིས་གྲོང་ཚོར་མཉམ་འཛོམས་བྱས་ནས“ཏང་གི་བཀའ་དྲིན་དྲན་པ་དང་། མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་དོན་གཉེར”བཅས་ཀྱི་སྐོར་ལྷུག་པོར་གླེང་བ་རེད།

    “མི་རིགས་མཐུན་སྒྲིལ་ཟླ་བའི”རིང་རིམ་ཁག་ཏང་སྲིད་ལས་ཁུངས་དང་། སློབ་གྲྭ ཁེ་ལས་དང་བྱ་གཞག་ཚན་པ། སྡེ་ཁུལ་སོགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཤེས་བྱའི་འགྲན་བསྡུར་དང་། གཏམ་བཤད་འགྲན་བསྡུར། བཞུགས་མོལ་ཚོགས་འདུ། རྩོམ་ཡིག་བསྡུ་ལེན། རིག་རྩལ་འཁྲབ་སྟོན་སོགས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤྱི་ཚོགས་ཡོངས་སུ་ཁུག་ཆ་མ་ལུས་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་མེས་རྒྱལ་གྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ་བཅས་བརྟན་པོར་འཛུགས་རྒྱུའི་ཁྲིད་སྟོན་བྱེད་དགོས”ཞེས་མཛུབ་སྟོན་གནང་བ་རེད།

    རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་དཔེ་བཟང་ཚན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྣམ་པ་སྣ་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཏེ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ལས་ཁུངས་དང་། གྲོང་གསེབ། སྡེ་ཁུལ། སློབ་གྲྭ ཁེ་ལས། དམག་སྒར། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་བཅས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་ནས་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་། མི་རིགས་ཀྱི་སྲིད་ཇུས། མི་རིགས་ཀྱི་ཤེས་བྱ་བཅས་ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་འཆར་འགོད་ནང་བཅུག་སྟེ་རྒྱལ་དམངས་སློབ་གསོའི་བརྒྱུད་རིམ་ཧྲིལ་པོ་དང་མཉམ་འདྲེས་བྱས་ནས“ཁ་འབྲལ་ཐབས་མེད་པ་གསུམ”དང“མོས་སེམས་ལྔའི”བསམ་བློ་མི་སེམས་སུ་ཟུག་ཐུབ་པ་བྱས་ནས་མི་རིགས་ཁག་འོ་ཆུ་མཉམ་འདྲེས་དང་། མཆུ་སོ་བརྟེན་རེས། བདེ་སྡུག་མཉམ་མྱོང་། གཟི་ཁྲེལ་མཉམ་སྤྱོད་བཅས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།