[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མཐུན་སྒྲིལ་གྱི་མེ་ཏོག་གང་སར་བཞད།

    ​—— ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་ཞོལ་པ་གྲོང་ལྷན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-27

    ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་ཞོལ་པ་གྲོང་ལྷན་ནི་བོད་རིགས་སྤུན་ཟླ་གཙོ་བོར་བྱེད་པ་དང་མི་རིགས་མང་པོ་མཉམ་འཛོམས་ཀྱི་གྲོང་ཚོ་ཞིག་ཡིན་པ་དང་། ལོ་ངོ་20ལྷག་ཙམ་རིང་བོད་རྒྱ་དང་བོད་ཧུད་སོགས་གཉེན་སྒྲིག་བྱེད་མཁན་དུད་ཚང་20ལྷག་ཙམ་ཡོད་པ་ལས་མང་ཆེ་བ་བོད་དུ་འཚོ་བ་སྐྱེལ་གྱི་ཡོད་པ་དང་འགའ་ཤས་ནང་སར་འཚོ་བ་སྐྱེལ་གྱི་ཡོད།

    མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་ལྟ་བུ་རེད། ད་ཆ་ཞོལ་པ་གྲོང་ལྷན་གྱི་མངའ་ཁོངས་སུ་འཚོ་བ་སྐྱེལ་མཁན་མི་རིགས་ཁག་གི་མང་ཚོགས་ཚང་མ་འཆམ་མཐུན་མཉམ་གནས་དང་། ལག་གདང་དཔུང་གཤིབ། མཐུན་སྒྲིལ་རོགས་རེས། ཕན་ཚུན་དགའ་གཅེས་བཅས་ཁྱིམ་ཚང་གཅིག་ལྟར་འཚོ་བཞིན་མཆིས།

    A“གྲུ་ཡི་སྟོབས་ཤུགས་གཡོར་ལ་ཡོད། མི་ཡི་སྟོབས་ཤུགས་སེམས་ལ་ཡོད”

    ལོ་34ལ་སླེབས་པའི་ཁང་ཞང་ཨན་དང་སྒྲོལ་དཀར་ཚེ་རིང་གི་བདེ་སྐྱིད་ལྡན་པའི་གཏམ་རྒྱུད་ནི་འཕྱོངས་རྒྱས་རྫོང་ཞོལ་པ་གྲོང་ལྷན་གྱི་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་གྱི་མཚོན་བྱེད་ཙམ་རེད།

    ཁང་ཞང་ཨན་ནི་ཧྲའན་ཤིས་ཞིང་ཆེན་ཧན་ཀྲུང་གྲོང་ཁྱེར་ནས་ཡིན་པ་དང་། 2011ལོར་འཕྱོངས་རྒྱས་རྫོང་དུ་ཚོང་རྒྱག་པར་ཡོང་། རྫོང་སྲིད་གཞུང་གི་སྒོ་འགྲམ་དུ་ཟ་ཁང་ཆུང་ཆུང་ཞིག་བཙུགས་པས་མི་གཅིག་ཁོ་ནས་བྲེལ་བས་མི་ལྕོགས་པའི་དབང་གིས་ཁོང་གིས་ཞོལ་པ་གྲོང་ལྷན་ནས་སྒྲོལ་དཀར་ཚེ་རིང་ཞབས་ཞུ་བར་ཉར་བ་དང་ཡུན་རིང་མཉམ་གཤིབ་བྱས་པར་བརྟེན་ཕན་ཚུན་དབར་བརྩེ་དུང་ཟབ་མོ་ཆགས་མཐར་གཉེན་སྒྲིག་བྱས། ད་ཆ་བཟའ་ཚོ་གཉིས་ལ་གཅེས་པར་འོས་པའི་ཕྲུ་གུ་གཉིས་ཡོད་པ་དང་གཅིག་ལོ་4ལ་སླེབས་པ་དང་གཅིག་ཤོས་ཟླ་བ་8ལ་སླེབས་མ་ཐག་རེད། ཁོ་གཉིས་ཀྱིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཕྲུ་གུ་དང་ཕ་མ་ཚོ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་བཅུག་པ་རེད།

    ལོ་དྲུག་རིང་། ཁོ་གཉིས་ཀྱིས་དཀའ་ངལ་ལ་མ་འཛེམས་པར་སྐྱིད་སྡུག་མཉམ་མྱོང་བྱས་ནས་བདེ་སྐྱིད་ཀྱི་འཚོ་བར་གཅེས་འཛིན་བྱས་ཡོད། ཁྱིམ་ཚང་ཡག་པོ་སྐྱོང་ཆེད་སྒྲོལ་དཀར་ཚེ་རིང་དང་གཉེན་སྒྲིག་བྱས་པ་ནས་བཟུང་ཁང་ཞང་ཨན་གྱིས་ནང་སར་ལོག་ནས་འཚོ་བ་བསྐྱལ་རྒྱུའི་བསམ་བློ་དོར་ཏེ་དོ་དོ་ཏན་ཏན་དང་བློ་གཅིག་སེམས་གཅིག་གིས་ཁྱིམ་ཚང་སྐྱོང་གི་ཡོད། ཁང་ཞང་ཨན་གྱི་བབ་ཆགས་ཤིང་། འགན་འཁུར་ཕོད་པ་དང་། འགན་སེམས་ལྡན་པ་བཅས་ཀྱི་གཤིས་རྒྱུད་ལས་ཁྱིམ་མི་ཚོར་སེམས་འགུལ་ཚད་མེད་ཐེབས།

    B“མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་དང་ཟང་ཟིང་ནི་ཆག་སྒོ་རེད”

    ཉེ་བའི་ལོ་ཤས་རིང་། འཕྱོངས་རྒྱས་རྫོང་ཞོལ་པ་གྲོང་ལྷན་གྱིས་རང་ངོས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་མི་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲུང་སྐྱོང་བྱེད་པའི་དོན་ཆེན་ཞིག་ཏུ་བརྩིས་ཡོད། བྱ་ཐབས་སྣ་མང་སྤྱད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་མ་ནུས་ལྡན་བཏང་ཡོད།

    དྲིལ་བསྒྲགས་གཟའ་འཁོར་དང་། དྲིལ་བསྒྲགས་ཉིན་མོ། དེ་བཞིན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་དྲིལ་བསྒྲགས་ཟླ་བ་སོགས་ཀྱི་བྱེད་སྒོ་ནུས་ཤུགས་ཡོད་རྒུས་སྤེལ་བ་དང་། སློབ་སྦྱོང་གི་འཆར་གཞི་བཟོ་བ་དང་འབྲེལ་སློབ་སྦྱོང་གི་གཙོ་གནད་གཏན་འཁེལ་བྱས་ནས་དམིགས་ཚད་ཀྱི་བླང་བྱ་བཏོན་ཏེ་ལོ་འགོར་འཆར་གཞི་ཡོད་པ་དང་ལོ་མཇུག་ལ་ཕྱོགས་སྡོམ་ཡོད་པ་བྱས་ཡོད།

    “མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཚོ”གཏོད་བར་དམ་འཛིན་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གཏོད་པའི་བྱེད་སྒོ་དང་། མི་རིགས་མཐུན་སྒྲིལ་ཟླ་བ། མི་རིགས་མཐུན་སྒྲིལ་གྱི་ཞབས་ཞུའི་བྱེད་སྒོ་བཅས་གཏིང་ཟབ་སྤེལ་ནས་དམངས་འཚོ་ལེགས་གཏོང་དང་། མི་རིགས་ལས་བྱེད་པ་གསོ་སྐྱོང་། མི་རིགས་ཀྱི་རིག་གནས་དར་རྒྱས་འདུ་འགོད་བཅས་ནུས་ཤུགས་ཡོད་རྒུས་ལག་ལེན་བསྟར་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

    c“ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པར་མི་གཅིག་ཀྱང་ལུས་མི་རུང”

    མི་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་ནི་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་རྨང་གཞི་ཡིན་ལ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡང་རེད། ཆ་རྐྱེན་ཧུར་ཐག་གཏོད་པ་དང་ཐབས་བརྒྱ་ཇུས་སྟོང་གིས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་པོ་ཡོང་བར་བྱས་ཏེ་མི་རིགས་ས་ཁུལ་གྱི་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་རྒྱུན་ཆད་མེད་པར་ཐོབ་པར་བྱས་ཡོད།

    ཞོལ་པ་ཨུ་ལྷན་གྱིས་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་། གྲོང་ཚོའི་དཔལ་འབྱོར་སྟོབས་ཆེར་གཏོང་བ། ཞིང་པའི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ཡོད། རྫོང་ཡོངས་ཀྱིས་ཡུལ་སྐོར་འཕེལ་རྒྱས་འགྲོ་བའི་གོ་སྐབས་དང་བསྟུན་ནས་ཞོལ་པ་གྲོང་ལྷན་གྱི་ཡུལ་མིས་ཁྱིམ་ཚང་མགྲོན་ཁང་11གཉེར་བར་གྲོང་ཚོ་ཡོངས་ཀྱི་དུད་ཚང་27གྱི་མང་ཚོགས་ཕལ་ཆེ་བ་ཡུལ་སྐོར་གྱི་སྣེ་ལེན་ལས་ལ་ཞུགས་པས་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3བྱུང་ཡོད།

    ལོ་དགུའི་ལམ་ལུགས་ཀྱི་འོས་འགན་སློབ་གསོའི་བྱ་ཐབས་ལེགས་སུ་བཏང་བས་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་100%ཟིན་པ་དང་། གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་ཁྱབ་གདལ་ཆེན་པོ་བཏང་ནས་འགན་ལེན་བྱེད་དགོས་རིགས་ལ་འགན་ལེན་བྱེད་གང་ཐུབ་བྱས་པས་2017ལོར་འགན་བཅོལ་ལ་ཞུགས་ཚད་100%ཟིན་པ། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བས་2017ལོར་འགན་བཅོལ་ལ་ཞུགས་ཚད་100%ཟིན་པ། “གྲོང་ཚོ་ཚང་མར་ཤར་གཏོང”དང“དུད་ཚང་ཚང་མར་ཤར་གཏོང”གི་སྲུང་སྐར་བརྙན་འཕྲིན་ཁྱབ་ཚད་100%ཟིན་པ། གྲོང་ཚོར་སྒུལ་བདེའི་འཕྲིན་གཏོང་ཁྱབ་ཚད་སྤྱིར་ཡག་པོ་བྱུང་ནས་གྲོང་ཚོ་ཡོངས་ལ་ཁྱབ་པ་དེས་གྲོང་ཚོ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་བཀའ་དྲིན་དང་སྲིད་གཞུང་གི་དྲོ་སྐྱིད་དངོས་སུ་ཚོར་ཐུབ་པ་བྱུང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།