[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ནག་ཆུ་རྫོང་གིས།

    མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་ལས་དོན་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-27

     ཉེ་བའི་ལོ་ཤས་རིང་། ནག་ཆུ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་སྤེལ་སྐབས། སློབ་སྦྱོང་ལ་དམ་འཛིན་དང་། མཐུན་སྒྲིལ་དོན་གཉེར། དཔེ་མཚོན་གཏོད་པ། ཆ་སྒྲིག་པ། བརྟན་ལྷིང་བསམ་པ། འཕེལ་རྒྱས་ལ་སྐུལ་འདེད་བཅས་བརྗོད་དོན་གཙོ་བོར་བཟུང་ནས། ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་ཟླ་བའི་བྱེད་སྒོ་གོ་སྐབས་སུ་བརྩིས་ཏེ་རྒྱལ་གཅེས་རིང་ལུགས་ཀྱིས་སྲོག་ཤིང་དུ་བྱས་པའི་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་། ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི”འདུ་ཤེས་མི་སེམས་སུ་ཟུག་པར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་སྔར་བས་སྲ་བརྟན་དུ་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལོ་མང་རིང་དམ་འཛིན་ལྷོད་མེད་དང་མཉམ་དུ་འབད་འཐབ་བྱས་པ་བརྒྱུད་ནག་ཆུ་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། ནག་ཆུ་རྫོང་ནག་ཆུ་གྲོང་རྡལ་དར་ཆ་ལྷ་མོ་གྲོང་ལྷན་དང་། ནག་ཆུ་རྫོང་ཨུད་དྲིལ་བསྒྲགས་པུའུ། ཀྲེ་ཅང་ཞིང་ཆེན་གྱི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་ཧུའོ་ཀྲུང་ཧྭ་སོགས་མཉམ་སྡེབ་དང་མི་སྒེར་ལ་སྔ་རྗེས་སུ་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། ས་ཁུལ་བཅས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

    “མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་གཏོང”ཞེས་པའི་དྲིལ་བསྒྲགས་བྱེད་སྒོ་ཤུགས་ཆེན་སྤེལ་བས། མི་ཚང་མས་མི་རིགས་མཐུན་སྒྲིལ་ལ་མཐོང་ཆེན་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བརྩོན་ལེན་བྱེད་པའི་རྣམ་པ་ཡག་པོ་ཆགས་ཡོད་པ་རེད། ནག་པང་ཚགས་པར་དང་སྦྱར་ཡིག་སོགས་བརྒྱུད་མང་ཚོགས་ལ་ཉེ་བཅར་དང་། གཞི་རིམ་ལ་ཉེ་བཅར། འཚོ་བར་ཉེ་བཅར་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་ཟླ་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། ཏང་གི་མི་རིགས་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་དང་། མི་རིགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཞི་རྩའི་ཤེས་བྱ་ཁྱབ་གདལ་བཏང་ནས། དྲིལ་བསྒྲགས་སློབ་སྦྱོང་གཏིང་ཟབ་བྱེད་པའི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་སྤྲོ་སེམས་འཕེལ་བར་བྱས་པ་དང་། གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར། གསུམ་བརྒྱད་བུད་མེད་དུས་ཆེན་སོགས་དུས་ཆེན་གལ་ཆེན་དང་ཟུང་འབྲེལ་གྱིས་མི་རིགས་ཁག་གི་རིག་རྩལ་ལེ་ཚན་མཉམ་འཁྲབ་དང་། ཤེས་བྱའི་འགྲན་བསྡུར། ནད་གཞི་ལྕི་པོ་ཕོག་པའི་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དབུལ་པོར་ཞལ་འདེབས་འབུལ་བའི་གཅེས་སེམས་བྱེད་སྒོ་སོགས་སྤེལ་ནས། མི་རིགས་མཐུན་སྒྲིལ་སྐོར་གྱི་ཤེས་བྱ་དང་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་ཕུན་སུམ་ཚོགས་པའི་བྱེད་སྒོར་མཉམ་འདྲེས་ཡོང་བ་བྱས་པས་རྫོང་དེའི་མི་རིགས་ཁག་གི་མང་ཚོགས་དབར་གྱི་མཛའ་བརྩེ་སྔར་བས་ཟབ་ཏུ་ཕྱིན་ཡོད་པ་རེད།

    སློབ་གསོ་དང་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྩ་འཛུགས་ཀྱི་ལྟ་སྐུལ་དང་། མང་ཚོགས་ཀྱི་ལྟ་སྐུལ། གླེང་ཕྱོགས་ཀྱི་ལྟ་སྐུལ། ལམ་ལུགས་ཀྱི་ལྟ་སྐུལ། དཔལ་འབྱོར་འགན་འཁྲི་རྩིས་བཤེར་སོགས་ལྟ་སྐུལ་བྱེད་ཐབས་མང་པོ་སྤྱད་དེ་ལས་བྱེད་པར་ཁྱོན་ཡོངས་དང་དངོས་ཡོད་དང་མཐུན་པའི་དཔྱད་ཞིབ་དང་གདེང་འཇོག་བྱས་པས། ཁྱོན་ཡོངས་དང་ལངས་གཟུགས་རྣམ་པའི་ལྟ་སྐུལ་སྔོན་འགོག་ཚོད་འཛིན་མ་ལག་ཅིག་ཆགས་ནས། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་འགན་ལེན་ནུས་ལྡན་བྱས་པ་རེད། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གཙོ་གནད་ལས་གནས་དང་ཡིག་བསྐུར་ངོ་བཅར་དང་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོར་ལག་ལེན་དང་སྦྱོང་བརྡར་ལ་མངགས་པ་བརྒྱུད་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་ནས་ལག་ལེན་ཁྲོད་སྐྱོན་བྲལ་ངང་མགྱོགས་མྱུར་འཚར་ལོངས་ཡོང་བར་སྐུལ་འདེད་བཏང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།