[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་ས་གྲོང་ཁྱེར་བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་ཀྱིས།

    “དོ་ར་ཆུང་ངུ་དགུའི”རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཞིབ་བཤེར་ཆེན་པོ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-22

    ཉེ་ཆར། བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་མངགས་གཏོང་ཁང་གི་ཉེན་དོན་ཡན་ལག་རུ་ཁག་གིས་ཁོངས་གཏོགས་ཁུལ་གྱི་ལམ་རྒྱུད་ཀྱི་ཚོང་ཁང་དང་། ཇ་ཁང་། སྒོ་རྩིས་ཚོང་ཁང་། ཟ་ཁང་སོགས་མི་སྣ་འདུ་འཛོམས་ཆེ་སར་བསྐྱོད་དེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཞིབ་བཤེར་ཆེན་པོ་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པ་རེད།

    དེའི་རིང་མི་དམངས་ཉེན་རྟོག་པས་འདུ་འཛི་ཆེ་ས་དང“དོ་ར་ཆུང་ངུ་དགུ”ཡིས་གནས་ཡུལ་བཤེར་རྟགས་བླངས་ཡོད་མེད་དང་། གནས་ཡུལ་བཤེར་རྟགས་སྤྱོད་ཀྱི་ཡོད་མེད། གནས་ཡུལ་དུ་ཡོང་མཁན་གྱི་ཐོ་དེབ། གཟུགས་པོའི་ཚ་བ་ཐོ་འགོད་དང་། ལས་གཉེར་མི་སྣའི་ཉིན་རེའི་གཟུགས་པོའི་ཚ་བ་ཐོ་འགོད་གནས་ཚུལ། གནས་ཡུལ་ལ་དུག་སེལ་བྱས་ཚུལ། རིམས་འགོག་དངོས་ཟོག་བཀོད་སྒྲིག་གསོག་ཉར་བཅས་ལ་གཙོ་གནད་ཞིབ་བཤེར་བྱས་པ་རེད།

    ད་རེས་ཀྱི་ཞིབ་བཤེར་བརྒྱུད། ཁོངས་གཏོགས་ཁུལ་གྱི་ལས་རིགས་ཁག་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འདུ་ཤེས་སྔར་བས་ཟབ་ཏུ་སོང་བ་དང་། མང་ཚོགས་ཀྱི་རང་ངོས་ཀྱི་འགོག་སྲུང་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་། རིམས་ནད་འགོ་མཆེད་ཀྱི་ཉེན་ཁ་ཆུང་དུ་ཕྱིན་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་དུས་བདེར་འགན་ལེན་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ཏེ། མི་དམངས་ཉེན་རྟོག་པས་གནས་ཡུལ་གྱི་འགན་འཁུར་བར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བླང་བྱ་ལྟར་འཕྲལ་དུ་བཅོས་སྒྲིག་བྱེད་དགོས་ཁར། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་དགོས་པའི་བླང་བྱའང་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།