[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དྲག་ཆས་ཉེན་རྟོག་དཔོན་དམག་གིས་འདམ་རྡོའི་ཆུ་རུད་ཀྱི་གཏོར་སྐྱོན་ཕོག་པའི་ཁྲོན་བོད་ལམ་དུམ་མྱུར་བཟོ་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-21

    f0f8d80d-5889-4e90-a494-921d12e4fb93.jpg.jpg

    འདི་ནི་ཉིང་ལག་རུ་ཁག་དེའི་དཔོན་དམག་གིས་ཚན་རིག་དང་མཐུན་པའི་ངང་འགྲོ་ལམ་ཤར་གཏོང་ཡོང་བར་བཀོད་འདོམས་བྱེད་བཞིན་པ།

    ཟླ་6ཚེས་15ཉིན་གྱི་སྔ་དྲོ། བོད་ཀྱི་ཤར་ལྷོའི་ཁུལ་དུ་ཆར་པ་བསྟུད་མར་བབས་པའི་དབང་གིས་ཁྲོན་བོད་ལམ་ཐིག་གི་བོད་ལྗོངས་ས་ཁོངས་ཀྱི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་འཕྲེད་ལུང་ཤང་གི་ལམ་དུམ་དུ་གློ་བུར་དུ་འདམ་རྡོའི་ཆུ་རུད་ཐོན་ནས། ལམ་དུམ་དེའི་འགྲིམ་འགྲུལ་ལ་འགོག་རྐྱེན་བཟོས་ཏེ་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་དང་མི་མང་པོ་ཞིག་དེ་གར་ལུས་ཡོད་པ་རེད།

    གནོད་འཚེ་ཐོན་རྗེས་ལམ་དུམ་དེའི་གཞུང་ལམ་བདག་སྐྱོང་ཤར་གཏོང་གི་ལས་འགན་འཁུར་མཁན་དྲག་ཆས་ཉེན་རྟོག་འཕྲལ་སྒྲུབ་སྤྱི་ཁྱབ་རུ་ཁག་གཉིས་པའི་ཉིང་ལག་རུ་ཁག་ཅིག་གིས་འཕྲལ་མར་གེགས་སེལ་གྱི་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་པ་དང་མྱུར་སྐྱོབ་རོགས་སྐྱོབ་ཀྱི་ཆེད་ལས་འཇོན་ཐང་ཅན་སྒྲིག་འཛུགས་བྱས་ནས་རྐོ་འདྲུའི་འཕྲུལ་འཁོར་དང་འདོན་འཇུག་འཕྲུལ་འཁོར་སོགས་རོགས་སྐྱོབ་སྒྲིག་ཆས་ཆེ་གྲས་བཏང་ནས་ས་གནས་ས་ཐོག་ཏུ་འགྲོ་ལམ་མྱུར་བཟོ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།