[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷོ་ཁ་གྲོང་ཁྱེར་གྱིས་དམངས་འཚོའི་ཁྱབ་ཁོངས་ཀྱི་བྱ་གཞག་ཁག་ལ་སྐུལ་འདེད་བརྟན་པོ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-31

    ཉེ་ཆར། གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། ལྷོ་ཁ་གྲོང་ཁྱེར་གྱིས་དམངས་འཚོའི་ཁྱབ་ཁོངས་ཀྱི་བྱ་གཞག་ལ་སྐུལ་འདེད་བརྟན་པོ་བཏང་བ་རེད།

    ཞིང་འབྲོག་ལས་ཐོན་སྐྱེད་སྐྱོན་བྲལ་དང་གོ་རིམ་ལྡན་པ། ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་5.8བསྐྲུན་ནས་སྟོན་བསྡུ་མུའུ་ཁྲི་48ཟིན་པ་དང་། ནས་ཕྱེ་ཐོན་འབབ་ཆེན་པོ་འདེབས་གསོ་དང་དཔེ་སྟོན་བདེ་བླག་ངང་ལག་བསྟར་བྱས་ནས་མུའུ་རེར་ཐོན་འབབ་སྤྱི་རྒྱ་63.6མང་དུ་ཕྱིན་ཡོད།

    ཞབས་ཞུའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ། 2019ལོའི་ཡར་འབྲོག་གཡུ་མཚོ་སྐོར་བའི་རྐང་འཁོར་ཡོངས་བསྒྲགས་འགྲན་བསྡུར་ཚད་གཞི་མཐོན་པོས་སྤེལ་ནས་ཡུལ་སྐོར་འཕེལ་རྒྱས་བརྟན་པོའི་ངང་ལེགས་སུ་བཏང་ཡོད། དྲ་ཐོག་ཚོང་དོན་གྱི་དྲ་རྒྱའི་ཉོ་ཚོང་དངོས་པོ་སྒོར་ཁྲི་4406ཟིན་ཡོད།

    རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ། 2019ལོའི་ཟླ་10པའི་ཟླ་མཇུག་བར་ཀྲུང་དབྱང་གི་སྔོན་རྩིས་ཀྱི་རྣམ་གྲངས་142དོན་འཁྱོལ་བྱས་ནས་མ་དངུལ་བསྡོམས་སྒོར་དུང་ཕྱུར་75བཏང་བར་མ་དངུལ་སྒོར་དུང་ཕྱུར་16.6དམིགས་སར་འབྱོར་ཡོད།

    ལས་ཞུགས་འབབ་འཕར་རྒྱུན་མཐུད་བརྟན་པོ་བྱུང་བ། གྲོང་ཁྱེར་ཡོངས་སུ་ལས་ཞུགས་ལས་གནས་7671གསར་སྤེལ་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་དུ་མི་6020ལས་ཞུགས་ཐུབ་ཡོད། སྒོར་ཁྲི་400མན་གྱི་རྣམ་གྲངས་ཞིང་འབྲོག་པར་སྤྲད་དེ་ལག་བསྟར་བྱ་ཐབས་བཏོན་ནས་མང་ཚོགས་རྣམ་གྲངས་འཛུགས་སྐྲུན་ལ་ཞུགས་རྒྱུར་ཁྲིད་སྟོན་བྱས་པ་དང་ཞིང་པ་ལས་མིའི་མཉམ་འབྲེལ་རུ་ཁག་629སྒྲིག་འཛུགས་བྱས་ནས་ངལ་རྩོལ་ནུས་ཤུགས་མི་གྲངས་84353དང་མི་ཐེངས་ཁྲི་17.71ལས་ཞུགས་གཞན་སྒྱུར་ཐུབ་སྟེ་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་7.26བཏོད་པ་རེད།

    སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་པ། “དམངས་སེམས་འདུ་འགོད་ཆེན་པོ་བཅུའི”མ་དངུལ་སྒོར་དུང་ཕྱུར་7.8དོན་འཁྱོལ་བྱུང་བ་དང་སྤྱི་ཚོགས་འགན་བཅོལ་འགན་ཞུགས་མི་ཐེངས་ཁྲི་26.29ཟིན་ཡོད།

    དབུལ་སྒྲོལ་འགག་སྒྲོལ་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ། ཐོན་ལས་དབུལ་སྐྱོར་རྣམ་གྲངས་214ལག་བསྟར་བྱས་ནས་མ་དངུལ་སྒོར་དུང་ཕྱུར་35.12བཏང་བར་ཐོན་ལས་དབུལ་སྒྲོལ་མི་གྲངས་14678ཟིན་ཡོད་པ་རེད།

    ཁྲོམ་རའི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། 2019ལོའི་ཟླ་10ཟླ་མཇུག་བར་ཁྲོམ་རའི་བྱེད་པོ་33790ཟིན་ནས་མ་དངུལ་སྒོར་དུང་ཕྱུར་674.08ཐོ་འགོད་བྱས་པ་དེ་དུས་མཚུངས་ལས་28.87%དང་25.37%སོ་སོར་འཕར་ཡོད་པ་བཅས་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།