[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ལྗོངས་ལྷ་སས་ལས་གཏོད་གསར་གཏོད་ཀྱི་རྟེན་གཞི་22བསྐྲུན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-30

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར“གཉིས་གཏོད་དཔེ་སྟོན”གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་ལྷ་ས་གྲོང་ཁྱེར་དུ་ཀུན་གཏོད་བར་མཐོངས་50དང་ལས་གཏོད་གསར་གཏོད་རྟེན་གཞི་22བསྐྲུན་ཡོད།

    ལྷ་ས་གྲོང་ཁྱེར“གཉིས་གཏོད་དཔེ་སྟོན”གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་དེ་བས་ལེགས་པའི་ལས་གཏོད་གསར་གཏོད་ཀྱི་སྲིད་ཇུས་ལག་ལེན་བསྟར་ནས་ལས་གཏོད་གསར་གཏོད་ཞབས་ཞུ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། བོད་ཀྱི་ཁྱད་ཆོས་དང་ལྷ་སའི་དམིགས་བསལ་ཁྱད་ཆོས་ལྡན་པའི་གཉིས་གཏོད་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པ་རེད། 2018ལོ་བར་ལྷ་ས་གྲོང་ཁྱེར་གྱི་གཉིས་གཏོད་རྟེན་གཞི་ཁག་གིས་ལས་གཏོད་གསར་གཏོད་ཀྱི་ཚོགས་པ་724དང་། སྐྱོང་གསོ་བྱེད་བཞིན་པའི་ཕྲན་ཚེགས་ཁེ་ལས་1214 མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ཚོགས་པ་392བཅས་ནང་འདྲེན་བྱས་ཡོད།

    འདི་ལོ་ཚུན་དུ་ལྷ་ས་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་གསར་གཏོད་སྲིད་ཇུས་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི་1239.3དོན་འཁྱོལ་བྱས་པ་དང་། དེའི་ཁྲོད་དུ་རང་བརྟེན་ལས་གཏོད་ལ་ཁ་གསབ་སྒོར་ཁྲི་362.6བྱས་པ་རེད། ཐེམ་ཁུངས་ལྷ་ས་ནས་ཡིན་པའི་ལས་གཏོད་མཐོ་སློབ་སློབ་ཐོན་སློབ་མ་44ལ་ལས་གཏོད་བྱ་དགའི་དངུལ་སྒོར་ཁྲི་40.4དོན་འཁྱོལ་བྱས་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་5ལ་ལས་གཏོད་ཁག་ཐེག་དངུལ་བུན་སྒོར་ཁྲི་150གཡར་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།