[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གཞིས་རྩེ་གྲོང་ཁྱེར་གྱིས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་འབྱུང་རྩ་ནས་ཐག་གཅོད་བྱེད་པའི་དགུན་དུས་ཀྱི་འགག་སྒྲོལ་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-28

     ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་ཆེད། གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྟོབས་ཤུགས་གཅིག་སྒྲིལ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ནས། གླ་ཆ་འགྱངས་ཆད་ཀྱི་གནད་དོན་འབྱུང་རྩ་ནས་ཐག་གཅོད་བྱེད་པའི་དགུན་དུས་ཀྱི་འགག་སྒྲོལ་བྱ་སྤྱོད་སྤེལ་བ་དང་། གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐོན་རྒྱུ་སྔོན་འགོག་དང་ཚོད་འཛིན་ནན་པོ་བྱས་ཏེ། ཞིང་པ་ལས་མིའི་གླ་ཆ་ཆ་ཚང་དུས་བཀག་བཞིན་སྤྲོད་ཐུབ་པའི་འགན་ལེན་བྱས་པ་རེད།

    གཞིས་རྩེ་གྲོང་ཁྱེར་གྱིས《གཞིས་རྩེ་གྲོང་ཁྱེར་གྱི་གླ་ཆ་འགྱངས་ཆད་ཀྱི་འཕྲལ་སྡོམ་འཁོར་རྒྱུག་མ་དངུལ་དོ་དམ་བྱ་ཐབས》བཟོས་ཏེ་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་གླ་ཆ་འགྱངས་ཆད་ཀྱི་འཕྲལ་སྡོམ་འཁོར་རྒྱུག་མ་དངུལ་ལམ་སྲོལ་བཙུགས་པ་དེའི་ནང་གྲོང་ཁྱེར་རིམ་པའི་གླ་ཆ་འགྱངས་ཆད་ཀྱི་འཕྲལ་སྡོམ་འཁོར་རྒྱུག་མ་དངུལ་སྒོར་ཁྲི་2000ཡོད་པ་དང་། རྫོང(ཆུས)18དུ་གླ་ཆ་འགྱངས་ཆད་ཀྱི་འཕྲལ་སྡོམ་འཁོར་རྒྱུག་མ་དངུལ་སྒོར་ཁྲི་200སོ་སོར་ཡོད་པ་དེ་དག་གླ་ཆ་འགྱངས་ཆད་དམ་ཡང་ན་གླ་ཆ་ཁག་གཅིག(གཞི་རྩའི་འཚོ་བའི་གྲོན་དངུལ)སྔོན་ལ་སྤྲོད་རྒྱུར་སྤྱད་དེ་གླ་ཆ་འགྱངས་ཆད་བྱས་པའི་ཞིང་པ་ལས་མིའི་སྐབས་འཕྲལ་གྱི་འཚོ་བའི་དཀའ་གནད་སེལ་རོགས་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།