[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལག་གདང་སྦྲེལ་ནས་དབུལ་སྒྲོལ་ལམ་བུར་སྐྱོད།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-20

    668433_yis_1570683907822.jpg

    འདི་ནི་ཚྭ་མགོས་གོང་མ་གྲོང་ཚོར་བཅའ་སྡོད་བོད་ལྗོངས་ཉིན་རེའི་ཚཌ་པར་ལས་ཁུངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་དཀའ་ངལ་ཡོད་པའི་ཏང་ཡོན་རྒན་གྲས་ལ་འཚམས་འདྲི་བྱེད་བཞིན་པ།

    བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་འགོ་ཚུགས་ཚུན། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་དེ་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་དམངས་འཚོའི་ལས་གྲྭ་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། གྲོང་ཚོ་རིམ་པའི་ཐོན་ལས་སྟོབས་ཆེར་གཏོང་བ། འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་ཐབས་ཤེས་དང་བྱེད་ཐབས་བཙལ་ཡོད། མིག་སྔའི་བར། ནག་ཆུ་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་དུ་བཅའ་སྡོད་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་གྲོང་སྡོད་ཀྱི་གྲོང་ཚོ་གསུམ་ཚང་མ་དབུལ་སྒྲོལ་བྱུང་ནས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་བདེ་སྐྱིད་ཚོར་སེམས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།