[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྤུས་ཚད་མཐོ་བའི“གཉིས་གཏོད”འཕེལ་རྒྱས་གླེང་སྟེགས་ལས།ཡར་ཀླུང་ཕྱོགས་སུ་ལས་གཏོད་དཔྱིད་རླུང་ལྡང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-16

    669169_yis_1570944462069.jpg

    འདི་ནི་ལས་གཏོད་གསར་གཏོད་རྣམ་པའི་ཁེ་ལས་ལྷོ་ཁ་གྲོང་ཁྱེར་རུའུ་ཅུས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བས་ལྷོ་ཁ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི“གཉིས་གཏོད”འཕེལ་རྒྱས་གླེང་སྟེགས་སུ་ལས་གཏོད་ཀྱིས་ལས་ཞུགས་ལ་སྣེ་ཁྲིད་བྱེད་པའི་འབྲེལ་ཡོད་ཉམས་མྱོང་སྤེལ་རེས་བྱེད་པ།

    ཉེ་དུས། 2019ལོའི་ལྷོ་ཁའི“སྤུས་ཚད་མཐོ་བའི་གསར་གཏོད་ལས་གཏོད་ཀྱི་འཕེལ་རྒྱས་གླེང་སྟེགས”སུ་བོད་ཀྱི་ཁྱད་ལྡན་ཐོན་ལས་ཁྲོམ་ར་ཁྱབ་གདལ་ཉོ་ཚོང་ལྟེ་གནས་ཀྱི་སྒོ་བྱང་ཕྱེ་བ་དང་ཕུལ་བྱུང་ལས་གཏོད་ཀྱི་འཐུས་མི་5ཡིས་ཉམས་མྱོང་སྤེལ་རེས་དང་ལྷོ་ཁའི་སྤུས་ཚད་མཐོ་བའི་འཐབ་ཇུས་གསོ་སྦྱོང་མཉམ་ལས་ཀྱི་གན་རྒྱ་བཞག་པ་རེད།

    ད་ཐེངས་ཀྱི་གླེང་སྟེགས་དེ་ལྷོ་ཁ་གྲོང་ཁྱེར་གྱི་རང་སྐྱོང་ལྗོངས་རིམ་པའི་ཀུན་གཏོད་བར་མཐོངས་དང་པོ་སྟེ། ལྷོ་འབྲུག་ཀུན་གཏོད་བར་མཐོངས་ཀྱིས་གཙོ་གཉེར་བྱས་པ་དང“གསར་གཏོད་ལས་གཏོད་ཀྱི་དུས་རབས་གསར་པར་བྱས་རྗེས་འཇོག་པ་དང་སྤུས་ཚད་མཐོ་བའི་ཐོག་ནས་འཕེལ་རྒྱས་གསར་པར་སྐུལ་འདེད་གཏོང་བ”བརྗོད་དོན་གཙོ་བོར་བྱས་ནས་ལྷོ་ཁ་གྲོང་ཁྱེར་གྱི་འཕེལ་སྒྱུར་དང་། ཚན་རྩལ། མི་སྤྱི་སོགས་མཛུབ་ཁྲིད་ཚན་པ་དང“ལས་གཏོད་གཉིས”དང་། བཟོ་ཚོང་དང་། ཡུལ་སྐོར་གསར་སྤེལ་སོགས་དམིགས་བསལ་གདན་ཞུས་ཚན་པ་གླེང་སྟེགས་ལ་ཞུགས་ནས་རྒྱ་ཆེའི་ན་གཞོན་ལས་གཏོད་པ་དང་སྤེལ་རེས་མཉམ་འགུལ་གྱིས་མཉམ་དུ་འཕེལ་རྒྱས་གླེང་ནས་ལས་གཏོད་ཁེ་ལས་ལ་སྒུལ་ཤུཌ་བསྣན་པ་དང་རོགས་རམ་དང་རྒྱབ་སྐྱོར་ཡང་མཁོ་འདོན་བྱས་ཡོད།

    དེ་ཉིན་གྱི་གླེང་སྟེགས་ཐོག་བོད་ཀྱི་ཁྱད་ལྡན་ཐོན་ལས་ཁྲོམ་རའི་ཁྱབ་གདལ་ཉོ་ཚོང་ལྟེ་གནས་ལྷོ་ཁར་དངོས་སུ་སྒོ་བྱང་ཕྱེ་ཞིང་། ལྟེ་གནས་དེས་སྲོལ་རྒྱུན་རྨང་གཞིའི་གསོ་སྦྱོང་འཇུར་མིག་ལས་སྒྲོལ་ཐུབ་པ་དང་ལས་གཏོད་རྣམ་པའི་ཁེ་ལས་དང་བཙུགས་མ་ཐག་པའི་ཚོགས་པའི་ཁྲོམ་རའི་མཐའ་སྣེར་དམིགས་ནས་བོད་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་ཁྲོམ་རའི་བྲིན་ཚོང་གི་ཤེས་ལྡན་མི་སྣའི་མ་ལག་དང་། ཁྲོམ་རའི་ཁྱབ་གདལ་མ་ལག ཁྲོམ་རའི་ཐབས་ལམ་མ་ལག་བཅས་བསྐྲུན་རྒྱུ་ཚད་ལྡན་དུ་བཏང་ཡོད།

    གླེང་སྟེགས་སུ་ལྷོ་ཁ་མོས་འདེབས་ཆ་འཕྲིན་ཚན་རྩལ་དང་། རུའུ་ཅུས་ཞིང་ལས་ཚན་རྩལ། ཝའེ་ཡོན་ཚན་རྩལ། ཅི་ཏར་རིག་གནས་སྒྱུ་རྩལ་ལས་དོན་ཁང་། མཉམ་གཏོད་རིག་གནས་སོགས་ཕུལ་བྱུང་ལས་གཏོད་ཁེ་ལས་ཀྱི་འགན་ཁུར་བས་ཐོན་ལས་ཀྱི་ལེགས་ཆ་དང་། མདུན་ལྗོངས་ཀྱི་གནས་ཚུལ། ལག་རྩལ་གསར་གཏོད། ཚོགས་པ་འཛུགས་སྐྱོང་སོགས་ཀྱི་ཐད་མཉམ་སྤྱོད་སྤེལ་རེས་བྱས་པ་དང་སྦྲགས་ལྷོ་འབྲུག་ཀུན་གཏོད་བར་མཐོངས་དང“སྤུས་ཚད་མཐོ་བའི་འཐབ་ཇུས་ཀྱི་གསོ་སྦྱོང་མཉམ་ལས་གྲོས་མཐུན”ལ་མིང་རྟགས་བཀོད་ནས་ཁྲོམ་ར་གསར་འབྱེད་ལ་དམིགས་ནས་འཐབ་ཇུས་མཉམ་ལས་ཀྱི་ལས་དོན་སྤེལ་བ་རེད།

    ལྷོ་འབྲུག་ལས་གཏོད་བར་མཐོངས་ཀྱི་ཇུས་འགོད་པས“ང་ཚོའི་བར་མཐོངས་ཀྱིས་ལས་གཏོད་པར་ཞབས་འདེགས་ཞུ་གི་ཡོད། ལས་གཏོད་ཀྱིས་ཕུགས་འདུན་གཏོད་ཀྱི་ཡོད། ང་ཚོས་ཐོག་མའི་བསམ་འདུན་ཞིག་བཅངས་ནས་མཐའ་འཁྱོལ་བྱེད་པའི་རྣམ་འགྱུར་གྱི་ཐོག་ནས་ཁེ་ལས་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱས་ཏེ་ལྷོ་ཁའི་དཔལ་འབྱོར་འཕེལ་རྒྱས་དང་ལས་ཞུགས་ལ་སྣེ་ཁྲིད་བྱ་ཆེད་རང་ཉིད་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་”ཞེས་བཤད།

    གླེང་སྟེགས་སུ་ལྷོ་ཁ་གྲོང་ཁྱེར་གསར་གཏོད་ལས་གཏོད་པའི་སྤུས་ཚད་མཐོ་བའི་སྐོར་སྐྱོད་གསོ་སྦྱོང་དངོས་སུ་སྤེལ་འགོ་ཚུཌ་ཤིང་། འབྱུང་འགྱུར་གྲོང་ཁྱེར་དེའི་རྫོང་དང་ཆུས་12ལ་སྐོར་སྐྱོད་གསོ་སྦྱོང་བྱས་ཏེ། ལྷོ་ཁའི་ཁྱད་ལྡན་ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་གསོན་ཤུགས་བསྣན་རྒྱུ་རེད།

    “ད་ཐེངས་ཀྱི་འཕེལ་རྒྱས་གླེང་སྟེགས་སུ་ལྷོ་ཁ་གྲོང་ཁྱེར་གྱི་ལས་རིགས་ཁག་གི་ཕུལ་བྱུང་ལས་གཏོད་པ་དང་ལས་གཏོད་ཁེ་ལས་ཀྱིས་ཕན་ཚུན་སློབ་སྦྱོང་དང་མཉམ་དུ་འཚར་ལོངས་ཡོང་བ་བྱེད་པ་དེས་ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མཁོ་ཆེ་ལ། དོན་སྙིང་ཡང་གལ་ཆེན་ལྡན་ཡོད། གསར་གཏོད་ཀྱིས་འབྱུང་འགྱུར་ལ་ཁྲིད་སྟོན་དང་ལས་གཏོད་ཀྱིས་ཕུགས་འདུན་མངོན་འགྱུར་བྱེད་ཐུབ། རྒྱ་ཆེའི་མངོན་འགྱུར་བའི་ཚོགས་པ་ནི་གསར་གཏོད་ལས་གཏོད་ཀྱི་གཙོ་ཤུགས་དམག་ཡིན་པས་ང་ཚོས་གནད་སྨིན་ཞབས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་མགྱོགས་མྱུར་འཚར་ལོངས་ཡོང་བར་རོགས་རམ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ལྷོ་ཁ་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཤའོ་ལང་གིས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།