[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “དང་དོད་ཆེ་བའི་སྒྲོལ་མ”“འདག་རལ་ཡོག་ཡོག་གི་སྒྲོལ་མར”གྱུར་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-14

    བོད་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་ནས་བྱེས་བགྲོད་རླངས་འཁོར་ལ་བསྡད་རྗེས། གསར་འགོད་པས་གངས་རི་རེ་རེ་བརྒལ་ཞིང་། འབྲོག་ར་རེ་རེ་བརྒྱུད་ནས་རི་ཁྲོད་དུ་ཆུ་ཚོད་8ལྷག་ཙམ་བསྐྱོད་མཐར། རི་བོ་ཧི་མ་ལ་ཡའི་ལྟེ་བར་གནས་པའི་ཚོ་སྲིབ་གསུམ་དཀྱིལ་ཤང་རྦ་ཁ་གྲོང་ཚོར་འབྱོར།

    ས་སྲོས་ཀྱི་མཚམས་སུ་ལུས་ལ་འདམ་རྫབ་ཀྱིས་ཁེངས་པའི་རྦ་ཁ་གྲོང་ཚོ་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་སྒྲོལ་མ་ཐུག་བྱུང་། ཁོང་ནི་1992ལོར་སྐྱེས་ཤིང་། སྔོན་ཆད་ཚོ་སྲིབ་གསུམ་དཀྱིལ་ཤང་སྲིད་གཞུང་གི་ལས་བྱེད་པ་ཞིག་ཡིན་ལ། ལོ་གཅིག་གི་གོང་དུ་རྦ་ཁ་གྲོང་ཚོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོའི་འགན་འཁུར་བར་ཡོང་། རྦ་ཁ་གྲོང་ཚོར་ཁྱོན་དུད་ཚང་50དང་མི་180ཡོད་པ་དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་20ཡོད་པ་རེད།

    སྒྲོལ་མ་གྲོང་ཚོར་དེར་སླེབས་རྗེས་སྒྲུབ་པའི་དོན་དག་དང་པོ་ནི་ཚོགས་འདུ་འཚོག་རྒྱུ་མིན་པར་དུད་ཚང་རེ་རེ་བཞིན་བསྐྱོད་དེ་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཚན་ཁག་གི་ཁོངས་མིའི་གནས་ཚུལ་འདྲི་རྩད་ཤེས་རྟོགས་བྱས་པ་རེད། ཟླ་གཅིག་སོང་རྗེས་ཁོ་མོས་གྲོང་ཚོ་དབུལ་པོར་གྱུར་བའི་རྒྱུ་རྐྱེན་གཞི་རྩའི་ཆ་ནས་གསལ་པོར་ཤེས་པ་སྟེ། རྦ་ཁ་གྲོང་ཚོ་ནི་རི་ཁྲོད་དུ་གནས་པས་མང་ཚོགས་ཀྱི་བསམ་བློའི་ལྟ་བ་བལྟོས་བཅས་ཀྱིས་རྗེས་ལུས་ཐེབས་པ་མ་ཟད། “སྒུག་རྟེན་སློང་གསུམ”གྱི་བསམ་བློ་ཚབས་ཆེ་ཙམ་ཡོད་པས། ཁོ་མོས་དེར་དམིགས་ནས་ལས་དོན་འབོར་ཆེན་སྤེལ་བ་རེད།

    2019ལོའི་ལོ་འགོར་རྩ་མདའ་རྫོང་སོགས་རྫོང(ཆུས)25དབུལ་སྒྲོལ་བྱུང་བའི་ཁྱབ་བསྒྲགས་བྱས་པ་རེད། མ་གཞི་དབུལ་སྒྲོལ་ཐུབ་ནའང་། གནད་དོན་གཞན་ཞིག་ལ་སྒྲོལ་མས་ད་དུང་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་པ་སྟེ། ཇི་ལྟར་བྱས་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་དགོས་པ་དེ་རེད།

    སྒྲོལ་མས་གྲོང་ཚོར་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་དང་གཞུང་ལམ་བསྐྱར་སྐྲུན་རྣམ་གྲངས་སྐྲུན་འགོ་ཚུགས་པར་ལྟ་བཞིན་སེམས་སུ་བསམ་བློ་ཞིག་འཁོར་བ་དེ་ནི་མཉམ་སྡེབ་ཐོན་ལས་ཞིང་འབྲོག་པའི་སྐྱེལ་འདྲེན་རུ་ཁག་གྲབས་འཛུགས་བྱ་རྒྱུ་དེ་རེད།

    གྲོང་ཚོའི་ཨུ་ལྷན་གཉིས་ཚན་ཁག་གི་ཁོངས་མི་དང་གྲོས་བསྡུར་ནན་ཏན་བྱས་རྗེས་ཚང་མས་རྣམ་གྲངས་དེ་ལག་ལེན་བསྟར་ཆོག་པའི་ངོས་འཛིན་བྱས་པ་དང་། རྣམ་གྲངས་དེར་ཤང་དང་རྫོང་གི་ཁས་ལེན་ཡང་ཐོབ་ནས། “ཞིང་འབྲོག་པའི་སྐྱེལ་འདྲེན་རུ་ཁག”གི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་དེར་གང་མགྱོགས་ཆོག་མཆན་ཐོབ་པ་མ་ཟད། ད་དུང་ཐོན་ལས་རོགས་སྐྱོར་གྱི་མ་དངུལ་སྒོར་ཁྲི་290རག་པ་རེད།

    རི་ཁུག་ཏུ་སྒྲོལ་མས་མང་ཚོགས་ཚོར་ལྟ་བར་འགྱུར་ལྡོག་གཏོང་བར་སློབ་གསོ་གཏོང་བ་མ་ཟད། ད་དུང་ཚང་མར་ལས་བརྩོན་ཕྱུག་འགྱུར་བྱེད་དགོས་པའི་སྐུལ་མ་ཡང་གཏོང་གི་ཡོད། “སྔོན་ཆད་མང་ཚོགས་མང་པོས་རྒྱལ་ཁབ་ཀྱི་ཁ་གསབ་ལ་བརྟེན་ནས་འཚོ་བ་འཁྱོལ་ཐབས་བྱེད་པ་དང་། ད་ཆ་མང་ཚོགས་ཚང་མས་ཚ་ལ་རྒྱག་རྩལ་སྦྱོང་བ་དང་། ཁང་པ་རྒྱག་པ། ཁ་ལོ་བའི་ལག་རྩལ་སྦྱོང་བ་མ་ཟད། མི་འགའ་ཤས་ཀྱིས་ད་དུང་རི་ཁུག་ནས་ཕྱིར་བསྐྱོད་དེ་གླ་པ་བྱེད་པ་དང་ཚོང་རྒྱག་གི་ཡོད་པས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་ཕྱིན་ཡོད”ཅེས་རྦ་ཁ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་དཔལ་ཡེ་ཤེས་ཀྱིས་བརྗོད།

    སྟོན་མཇུག་ཏུ་རྦ་ཁ་གྲོང་ཚོ་ནས་གཏམ་བཟང་ཞིག་གྲགས་པ་སྟེ། གྲོང་ཚོས་ཉོས་པའི་ལྡུག་འཁོར་1དང་། ལྗིད་ཐེག་རླངས་འཁོར་4 ཟོག་འདྲེན་རླངས་འཁོར་1 ཕི་ཁ་རྟགས་ཅན་གྱི་རླངས་འཁོར་1བཅས་ཚང་མ་ཤང་གི་ལས་ཡུལ་དུ་ལས་ཀ་བཀོད་སྒྲིག་ཐུབ་ཅིང་། མིག་སྔར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་བྱུང་བ་དང་སྔོན་དཔག་བྱས་ན་ལོ་མཇུག་ཏུ་ཡོང་འབབ་དེ་བས་མང་བ་ཡོང་རྒྱུ་རེད།

    སྒྲོལ་མས་ལོ་འདི་དག་རིང་མང་ཚོགས་རྣམས་རྒྱ་ཆེ་ལ་སྐྱིད་སྣང་དོད་པའི་ཁང་པ་གསར་པར་སྡོད་རྒྱུ་བྱུང་བ་མ་ཟད། “སྒུག་རྟེན་སློང་གསུམ”གྱི་བསམ་བློར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། “དེ་ནི་གྲོང་ཚོའི་འགྱུར་ལྡོག་ཆེ་ཤོས་ཤིག་ཡིན་ལ་རང་ཉིད་ཀྱིས་མཐོང་འདོད་ཤོས་ཀྱི་འགྱུར་ལྡོག་ཅིག་ཀྱང་ཡིན། མང་ཚོགས་ཚོའི་བསམ་བློའི་ལྟ་བར་འགྱུར་ལྡོག་མགྱོགས་ཙམ་དང་འབབ་འཕར་གྱི་ཐབས་ལམ་དེ་བས་ཡངས་པོ་ཡོང་བའི་རེ་བ་ཡོད”ཅེས་སྒྲོལ་མས་བརྗོད།

    668740_yis_1570769180295_s.jpg

    འདི་ནི་སྒྲོལ་མས(གཡས་ཀྱི་གཉིས་པ)རྦ་ཁ་གྲོང་ཚོར་དབུལ་སྐྱོར་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱས་ནས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཉན་བཞིན་ཡོད་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།