[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྟོད་ལུང་བདེ་ཆེན་ཆུས“བདེ་སྐྱིད་བོད་ཁྱིམ”གྱིས་དབུལ་སྒྲོལ་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-04

    “བདེ་སྐྱིད་བོད་ཁྱིམ”ནི་སྟོད་ལུང་བདེ་ཆེན་ཆུས་འབྲོག་མ་གྲོང་ཚོའི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་བཀོད་སྒྲིག་འདུ་འགོད་ཀྱི་རྨང་གཞིའི་ཐོག གནས་སྤོས་བཀོད་སྒྲིག་ཁང་པ་དག་བོད་བཟོའི་ཁྱད་ཆོས་ལྡན་པའི་ཡུལ་མིའི་སྡོད་ཁང་དུ་སྒྱུར་བཀོད་བྱས་ཤིང་། དུས་མཚུངས་སུ“གཞིས་ཀར་ཞག་སྡོད་དང་། བོད་ཟས་བཟའ་བ། མེ་ཏོག་ལ་ལྟ་བ། རྟ་བཞོན་པ། དངོས་ཟོག་ཉོ་སྒྲུབ”སོགས་ཀྱི་ཚོང་གཉེར་བསམ་ཕྱོགས་དང་ཐོན་ལས་ཀྱི་ལས་རྣམ་གསར་པ་བསྣན་ནས་ཡུལ་དེ་གའི་བོད་ཁྱིམ་གྱི་དམངས་སྲོལ་ཡུལ་སྐོར་བྱ་གཞག་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་སྐྱོར་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་ཏུ་གྱུར་ཡོད་པ་རེད།

    ཤེས་རྟོགས་བྱས་པ་ལྟར་ན། “བདེ་སྐྱིད་བོད་ཁྱིམ”གྱི་གནད་སྨིན་དབུལ་སྐྱོར་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་གྲངས་ལ་ཁྱོན་སྒོར་དུང་ཕྱུར་1.17བཏང་ཡོད་པ་དང་། 2018ལོའི་ཟླ་9པར་ཕྱོགས་ཡོངས་ནས་གཉེར་སྐྱོང་བྱས་ཏེ་ད་ཆ་ཁང་མིག་140དང་ཉལ་ཁྲི་231ཡོད་པ་རེད། “ཁང་པ་དེ་དག་གནས་སྤོས་ཡུལ་མིར་དབང་བས་ལས་དོན་མི་སྣ་མང་ཆེ་བ་གྲོང་ཚོ་དེ་གའི་གྲོང་མི་རེད། གནས་སྤོས་ཡུལ་མིར་ཟླ་རེར་གླ་ཆ་ལེན་རྒྱུ་ཡོད་པ་མ་ཟད། ད་དུང་གཉེར་སྐྱོང་ཡོང་འབབ་ནང་ནས་ཁེ་སྤོགས་རག་གི་ཡོད། ང་ཚོས་ཁོང་ཚོར་ཆེད་ལས་རྩལ་ནུས་གསོ་སྦྱོང་བྱེད་པའི་འགན་ཁུར་ཏེ་ཁོང་ཚོ་ཆེད་ལས་ལས་དོན་མི་སྣར་འགྱུར་བ་བྱེད་ཀྱི་ཡོད”ཅེས“བདེ་སྐྱིད་བོད་ཁྱིམ”རྣམ་གྲངས་ཀྱི་འགན་ཁུར་བ་ཅང་ཞའོ་ལིས་ཀྱིས་བརྗོད།

    “བདེ་སྐྱིད་བོད་ཁྱིམ”གྱིས་རིག་གནས་ཡུལ་སྐོར་ཐོན་ལས་དབུལ་སྐྱོར་དམ་འཛིན་བྱ་གཞིར་བྱས་ཏེ་བོད་བཟོའི་ཡུལ་མིའི་སྡོད་ཁང་ལ་བརྟེན་ནས་མང་ཚོགས་ཀྱི་འཚོ་བའི་རྒྱུ་ཆ་ཐོན་སྐྱེད་རྒྱུ་ཆར་བསྒྱུར་བ་དང་། “ངལ་རྩོལ་རང་བཞིན་གྱི་ཡོང་འབབ་+གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་+རྒྱུ་ནོར་རང་བཞིན་གྱི་ཡོང་འབབ”བཅས་མཉམ་འདྲེས་བྱས་པའི་སྣ་མང་ཅན་གྱི་འབབ་འཕར་ཐབས་ལམ་བཙུགས་ཏེ་གྲོང་མིའི་ཐོན་སྐྱེད་ཐད་ཀྱི་རང་བརྟེན་ལམ་སྲོལ་ཆགས་ཤིང་། གནད་སྨིན་དབུལ་སྐྱོར་ལ་རོགས་འདེགས་དང་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་རྒྱུན་མཐུད་འཕེལ་རྒྱས་བྱུང་བ་རེད།

    མིག་སྔའི་བར། “བདེ་སྐྱིད་བོད་ཁྱིམ”གྱིས་རིམ་རྩིས་ལྟར་ན་ཡུལ་སྐོར་བ་ཁྲི་4.5ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། ཚོང་གཉེར་ཡོང་འབབ་སྒོར་ཁྲི་400ལྷག་ཙམ་བྱུང་བ་རེད། རྣམ་གྲངས་གཉེར་སྐྱོང་བྱས་པ་བརྒྱུད་2019ལོའི་ལོ་སྟོད་དུ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་100ལ་རིམ་རྩིས་ལྟར་ན་ཁེ་སྤོགས་སྒོར་ཁྲི་21.6112སྤྲད་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།