[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཚལ་སྣེ་ཤང་གི་དུད་ཚང་དབུལ་པོའི་བུད་མེད་ཀྱིས་ས་གཙང་ཐོན་ལས་གླིང་དུ་མེ་ཏོག་འཐུ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-03

    666865_yis_1570080394067.jpg

    ཉེ་བའི་ལོ་ཤས་རིང་། ཆུ་ཤུར་རྫོང་གི་ཚལ་སྣེ་ས་གཙང་བདེ་ཐང་ཐོན་ལས་གླིང་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། གླིང་དེས་དམངས་འཚོའི་ཐོན་ལས་ནས་རྫོང་སྟོབས་ཆེན་དང་དམངས་ཕྱུག་གི་ཐོན་ལས་ཕྱོགས་སུ་མཆོང་སྐྱོད་བྱས་པ་དང་འབྲེལ། བཟོ་ལས་རྫོང་སྟོབས་ཆེན་དང་། ཐོན་ལས་དམངས་ཕྱུག ཡུལ་སྐོར་རྫོང་དརབཅས་ཀྱི་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བྱས་ཡོད། མིག་སྔའི་བར། ས་གཙང་བདེ་ཐང་ཐོན་ལས་ཀྱིས་ཞིང་འབྲོག་མང་ཚོགས་དབུལ་པོར་ལས་ཞུགས་ལས་གནས་2000ལྷག་ཙམ་མཁོ་འདོན་བྱས་པ་དང་། ཞིང་འབྲོག་པར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.5བྱུང་ཞིང་། འདི་ནི་ཉེ་ཆར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་དུད་ཚང་དབུལ་པོའི་བུད་མེད་ཀྱིས་ས་གཙང་ཐོན་ལས་གླིང་དུ་མེ་ཏོག་འཐུ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།