[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས་བསམ་གྲུབ་སྒང་གྲོང་ཚོར་སྔོ་ཚལ་དྲོད་ཁང་ཆེ་མོ་བསྐྲུན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-14

    ཉེ་ཆར། རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས་བཅའ་སྡོད་གྲོང་ཚོ་ས་སྐྱ་རྫོང་བསམ་གྲུབ་སྒང་གྲོང་ཚོར་སྔོ་ཚལ་དྲོད་ཁང་ཆེ་མོ་གསར་སྐྲུན་གྱི་རྣམ་གྲངས་རྩིས་སྤྲད་པ་རེད།

    བསམ་གྲུབ་སྒང་གྲོང་ཚོའི་སྔོ་ཚལ་དྲོད་ཁང་ཆེ་མོའི་འཛུགས་སྐྲུན་རྣམ་གྲངས་ནི་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས་རོགས་རམ་དང་མཐུན་སྦྱོར་བྱས་པའི་ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས་ཤིག་ཡིན་པ་དང་། བོད་ཀྱི་གྲགས་ཅན་དམངས་གཉེར་ཁེ་ལས་བ་བློ་བཟང་སྦྱིན་པ་མི་སྒེར་ནས་སྒོར་ཁྲི་120བཏོན་ཏེ་དྲོད་ཁང་ཆེ་མོ་3བསྐྲུན་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་2141.61དང་ས་ཁྱོན་མུའུ་7.8བཟུང་ཡོད་པ་རེད། རྣམ་གྲངས་བསྐྲུན་རྗེས་ས་སྐྱ་རྫོང་དགེ་སྡིངས་གྲོང་རྡལ་བསམ་གྲུབ་སྒང་གྲོང་ཚོའི་ཡར་འཕེལ་སྔོ་ཚལ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་དོ་དམ་གཉེར་སྐྱོང་བྱ་རྒྱུ་དང་། “གྲོང་ཚོའི‘ཨུ་ལྷན་གཉིས’དང་། མཉམ་ལས་ཁང་། དུད་ཚང་དབུལ་པོ”བཅས་ཟུང་འབྲེལ་གྱི་ཏང་འཛུགས་སྐྱོང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་སྤྱོད་རྒྱུ་རེད། བསམ་གྲུབ་སྒང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན། ཡར་འཕེལ་སྔོ་ཚལ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་བཅས་ཡིན་པའི་བསམ་གྲུབ་ཀྱིས་རྣམ་གྲངས་འདིས་བསམ་གྲུབ་སྒང་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་38དང་མང་ཚོགས་གཞན་གྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་ནས་མང་ཚོགས་ཀྱིས་ཕྱུག་འགྱུར་རྩལ་ནུས་སྣ་གཅིག་ཤེས་པ་མ་ཟད། རང་ཁྱིམ་གྱི་སྒོ་རྩར་ལས་ཀ་བྱེད་རྒྱུ་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།