[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལོ་སྟོད་དུ་བོད་ལྗོངས་ཀྱི་ལས་ཞུགས་ཀྱི་དམིགས་ཚད་གཙོ་བོ་སྔོན་དཔག་ལས་ཡོངས་སུ་བརྒལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-27

    ● འདི་ལོའི་ལོ་སྟོད་དུ་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་གྲངས་ཁྲི་2.8གསར་དུ་ལས་ཞུགས་ཐུབ་ནས་ལོ་འཁོར་མོའི་དམིགས་ཚད་ལས་འགན་གྱི་56%ལེགས་སྒྲུབ་ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད་3%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད། ལོ་འདི་གའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་23616ཡོད་པའི་ཁྲོད་ནས་མི་གྲངས་14501ལས་ཞུགས་ཐུབ་ཡོད་པ་དང་སྤྱི་ཡོངས་ཀྱི་ལས་ཞུགས་ཐུབ་ཚད་61.4%ཟིན་པ།

    ● ལས་བསྡུའི་འདུ་ཚོགས་བསྡོམས་ཐེངས་183འཚོཌ་ནས་ཁྲོམ་རར་མི་གྲངས་9706ལས་ཞུགས་ཐུབ་པ་དེས་མི་གྲངས་ཡོངས་ཀྱི་66.93%ཟིན་ནས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་10.06འཕར་ཡོད། ལས་ཞུགས་ལས་གཏོད་ལ་སྒོར་ཁྲི་5325.39ཁ་གསབ་བྱས་པས་མི་གྲངས་4733ལ་ཕན་ཐོགས་ཡོད། གཞུང་གི་ལས་གནས་ཐོག་མི་གྲངས་3508ལས་ཞུགས་ཐུབ་པ་དང་སློབ་རྒྱུས་མཐོར་གཏོང་དང་སྐབས་བསྟུན་ལས་ཞུགས་སོགས་ཀྱིས་མི་གྲངས་1287ལས་ཞུགས་ཐུབ་ཡོད།

    གསར་འགོད་པར་ཉིན་ཤས་གོང་གཉེར་བའི་བོད་ཀྱི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་དང་ཞིང་འབྲོག་པའི་ལས་ཞུགས་ལས་དོན་གྱི་ས་གནས་ས་ཐོག་གི་འོས་སྦྱོར་འདུ་ཚོགས་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ལོ་སྟོད་དུ་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་གྲངས་ཁྲི་2.8གསར་དུ་ལས་ཞུགས་ཐུབ་ནས་ལོ་འཁོར་མོའི་དམིགས་ཚད་ལས་འགན་གྱི་56%ལེགས་སྒྲུབ་ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད་3%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད། ལོ་འདི་གའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་23616ཡོད་པའི་ཁྲོད་ནས་མི་གྲངས་14501ལས་ཞུགས་ཐུབ་ཡོད་པ་དང་སྤྱི་ཡོངས་ཀྱི་ལས་ཞུགས་ཐུབ་ཚད་61.4%ཟིན་ནས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་6.82འཕར་ཡོད། ཞིང་འབྲོག་ཁུལ་གྱི་ངལ་ནུས་མི་གྲངས་ཁྲི་33.2དང་མི་ཐེངས་ཁྲི་55.5ལས་ཞུགས་གཞན་སྒྱུར་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་18.85ཟིན་ནས་ལོ་འཁོར་མོའི་དམིགས་ཚད་ལས་འགན་གྱི་60%དང་། 50% 59%བཅས་སོ་སོར་ལེགས་སྒྲུབ་ཟིན་ཏེ་ལས་ཞུགས་ཀྱི་དམིགས་ཚད་གཙོ་བོ་སྔོན་དཔག་ལས་ཡོངས་སུ་བརྒལ་ནས་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ལེགས་བརྩོན་ཡོང་བའི་རྣམ་པ་ཐོན་ཡོད།

    “མིག་ཕྱི་ནང་གཉིས་ཀར་ལྟ་རྒྱུ”མཐའ་འཁྱོངས་བྱས་ནས་ལྗོངས་ནང་ཁུལ་དང་ལྗོངས་ཕྱིའི་ཁྲོམ་ར་གཉིས་དང་ཐོན་ཁུངས་སྤྱི་འདོམས་བྱས་ནས་ལྗོངས་ཕྱི་ནང་གི་ལས་ཞུགས་ལས་གནས་རིམ་རྩིས་བྱས་ན་ཁྱོན་ཁྲི་6.2འཚོལ་བསྡུ་བྱས་ཡོད། ལོ་འདི་གའི་སློབ་ཐོན་སློབ་མ་ཡོངས་ཀྱི་ཆེད་ལས་604རིགས་ཆེན་པོ་20དང་། རིགས་ཆུང་བ་190ལ་དབྱེ་ནས་ལས་གནས་ཐོག་གནད་སྨིན་བཀོད་སྒྲིག་བྱས་པ་དང་། རྣམ་པ་མང་བ་དང་ཕྱོགས་མང་བའི་སྒོ་ནས“གཤམ་སྤེལ་ལྔ་དང་སྐྱེལ་བ་གཅིག”གི་གཅིག་སྡུད་དྲིལ་བསྒྲགས་དང་སྒྲོག་འགྲེལ་ཚོགས་འདུ་དང་། བློ་འདྲིའི་ཚོགས་འདུ། བཞུགས་མོལ་ཚོགས་འདུ། བརྙན་ཐུང་། ཆེད་དོན་པར་གཞི་སོགས་ཀྱི་རྣམ་པའི་ཐོག་ནས་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་སློབ་གྲྭ་དང་། ཁེ་ལས། ཞིང་འབྲོག་ཁུལ། གྲོང་ཚོ་གྲོང་ལྷན(སྡེ་ཁུལ) ཁྱིམ་ཚང་བཅས་སུ་ཁྱབ་གདལ་བཏང་སྟེ་སྲིད་ཇུས་དྲིལ་བསྒྲགས་ཕྱོགས་ཡོངས་སུ་ཁྱབ་པ་བྱས་ཡོད། ལས་བསྡུའི་འདུ་ཚོགས་བསྡོམས་ཐེངས་183འཚོགས་ནས་ཁྲོམ་རར་མི་གྲངས་9706ལས་ཞུཌ་ཐུབ་པ་དེས་ལས་ཞུགས་མི་གྲངས་ཡོངས་ཀྱི་66.93%ཟིན་ནས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་10.06འཕར་ཡོད། ལས་ཞུགས་ལས་གཏོད་ལ་མ་དངུལ་སྒོར་ཁྲི་5325.39ཁ་གསབ་བྱས་པས་མི་གྲངས་4733ལ་ཕན་པ་ཐོབ་ཡོད། གཞུང་གི་ལས་གནས་ཐོག་མི་གྲངས་3508ལས་ཞུགས་ཐུབ་པ་དང་སློབ་རྒྱུས་མཐོར་གཏོང་དང་སྐབས་བསྟུན་ལས་ཞུགས་སོགས་ཀྱིས་མི་གྲངས་1287ལས་ཞུགས་ཐུབ་ཡོད།

    ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་མིང་ངོ་མ་འགོད་པའི་ལམ་ལུགས་མ་ལག་གསར་སྤེལ་བྱས་ནས་ཆ་འཕྲིན་ཁྲི་27ལྷག་ཙམ་ཐོ་འགོད་བྱས་ཏེ་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་ཚན་པ་དང་། ལས་སྒྲུབ་ཡོང་འབབ། ལས་ཞུགས་དུས་ཚོད་སོགས་ཀྱི་ཆ་འཕྲིན་བཙལ་འཚོལ་དང་རྗེས་སྙེགས་ཐུབ་ཡོད། ངལ་ནུས་བར་ཁེ་བ་1500ལྷག་ཙམ་སྐྱེད་སྲིང་བྱས་ནས་ངལ་ནུས་མཉམ་འབྲེལ་རུ་ཁག་800ལྷག་ཙམ་བཙུགས་ཏེ་ཞིང་འབྲོག་པར་རོགས་རམ་བྱས་པས་ལས་ཞུགས་ལས་གནས་སྦྲེལ་མཐུད་དང་། གླ་ཕོགས་མཐོར་གཏོང་གྲོས་མོལ་གྱི་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བ། ཁེ་དབང་སྲུང་སྐྱོང་བྱེད་པ་སོགས་ཐད་ནུས་པ་གལ་ཆེན་ཐོན་ཡོད།

    སྤྱི་པའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་སོགས་ཀྱི་ལས་སྒོའི་མ་ལག་རང་སྐྱོང་ལྗོངས་སྲིད་དོན་སྤྲིན་ཚོམས་སུ་བཅུག་ནས་ལས་ཞུགས་གྲངས་གཞི་དེ་གྲངས་གཞི་གཞན་དག་དང་མཉམ་འབྲེལ་མཉམ་མཐུད་ཐུབ་པ་བྱུང་ཡོད། བོད་ལྗོངས་ལག་རྩལ་ཆེ་མོ་བའི་སློབ་གླིང་གི“མངགས་ཐོ་དང་གནས་གཏན་འཁེལ་གྱི་རྣམ་པའི”གསོ་སྦྱོང་ཕྱོགས་ཡོངས་སུ་ཁྱབ་གདལ་བཏང་ནས་མི་གྲངས་1300ལ་གསོ་སྦྱོང་བྱ་རྩིས་ཡོད་པ་ཚང་མ་ཁྲོན་བོད་ལྕགས་ལམ་ཀུང་སི་སོགས་ཁེ་ལས་མི་སྤྱོད་ཚན་པ་དང་མཉམ་ལས་གྲོས་མཐུན་བཞག་སྟེ་མི་གྲངས་230སློབ་མཇུག་འགྲིལ་ནས་ལས་ཞུགས་ཐུབ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དཀའ་བའི་མི་སྣ་དང་དཀའ་ངལ་ཡོད་པའི་ལས་བཟོའི་ཁྱིམ་ཚང་ལ་ཡིག་ཚགས་བཟོས་ནས་ལས་ཞུགས་ཀྱི་འདོད་མོས་གནད་སྨིན་ངང་ཤེས་རྟོགས་ཐུབ་པ་བྱས་ཡོད། མི་གྲངས་ཁྲི་1.3ལ་ལས་རིགས་མཛུབ་སྟོན་དང་། མི་ཐེངས་ཁྲི་1.2ལ་ལས་རིགས་ངོ་སྤྲོད། མི་གྲངས་4071གྲུབ་འབྲས་ཐོབ་པའི་ངང་ལས་ཞུགས་ཐུབ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མ་ཐུབ་པའི་ཁྱིམ་ཚང་3701གི་མི་གྲངས་4205ལས་ཞུགས་ཐུབ་ནས་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མ་ཐུབ་པའི་ཁྱིམ་ཚང་བབ་བསྟུན་ངང་མི་ལྷག་པ་བྱས་ཡོད། ལས་ཞུགས་དབུལ་སྐྱོར་གྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་མི་འབོར་དབུལ་པོ་ཁྲི་2.61ལས་ཞུགས་གཞན་སྒྱུར་བྱས་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་1.53བྱུང་སྟེ་དམངས་ཡོངས་ལ་ཁྱབ་པ་དང་། བརྒྱུད་རིམ་ཧྲིལ་པོར་ཁྱབ་པ། ས་ཁོངས་ཡོངས་སུ་ཁྱབ་པ་བཅས་ཀྱི་ལས་ཞུགས་ཞབས་ཞུའི་མ་ལག་ཅིག་རགས་ཙམ་ཆགས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།