[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཆབ་མདོ་གྲོང་ཁྱེར་གྱི་2018ལོའི་ལས་ཞུགས་ལས་གཏོད་དུས་བབ་བརྟན་ཐོག་ཡར་འཕེལ་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-19

    2018ལོར་ཆབ་མདོ་གྲོང་ཁྱེར་གྱིས་དམངས་འཚོ་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ལས་ཞུགས་ལས་སྟེགས་སྔར་བས་གཏོད་པ་དང་། ལས་རྣམ་གསར་པ་འཕེལ་རྒྱས་ལ་རྒྱབ་སྐྱོར། ལས་ཞུགས་གྲུབ་ཆ་ལེགས་སྒྲིག ལས་ཞུགས་སྤུས་ཚད་མཐོར་གཏོང་བཅས་བྱས་པར་བརྟེན་གྲོང་ཁྱེར་ཡོངས་ཀྱི་ལས་ཞུགས་ལས་གཏོད་དུས་བབ་བརྟན་ཐོག་ཡར་འཕེལ་བྱུང་ཡོད།

    ལས་ཞུགས་ལས་གནས་གསར་སྤེལ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུགས་བརྟན་པོའི་ངང་འཕར་བ་བྱས་པ། ལོ་ཧྲིལ་པོར་རིམ་རྩིས་བྱས་ན་ལས་ཞུགས་ལས་གནས་6159གསར་སྤེལ་བྱས་པར་བརྟེན་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་4936ལས་ཞུགས་ཐུབ་པ་དང་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐོ་བཀོད་བྱེད་ཚད་2.5%ཡི་ནང་ཚུན་དུ་ཚོད་འཛིན་བྱས་ཡོད། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་ཁྲི་11.57དང་མི་ཁྲི་18.75ལས་ཞུགས་གཞན་སྒྱུར་ཐུབ་པར་བརྟེན་ཡོང་འབབ་སྒོར་དུང་ཕྱུར་5.2བྱུང་ཡོད། (སྲིད་གཞུང་གིས་ཧྥུའུ་ཅན་དང་། ཁྲུང་ཆིང་། ཐེན་ཅིན་སོགས་ས་ཁུལ་དུ་མི་112ལས་ཞུགས་ཐུབ་ཐབས་བྱས་པར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.6ཟིན་ཡོད)

    མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་གང་ལེགས་ཐུབ་ནས་ལས་ཞུགས་དུས་བབ་བརྟན་པོ་བྱུང་བ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་འགན་ལྕི་ཡང་ཤུགས་སྣོན་གང་ཡོད་བརྒྱབ་པས། ཁྱོན་ཡོངས་ཀྱི་དུས་བབ་བརྟན་ཐོག་ཡར་འཕེལ་བྱུང་ཡོད། 2018ལོར་གྲོང་ཁྱེར་ཡོངས་སུ་སྐྱེ་ཁུངས་ཆབ་མདོ་ཡི་ལོ་འདིའི་མཐོ་སློབ་སློབ་ཐོན་སློབ་མ་2235ལས་མི་2059ལས་ཞུགས་ཐུབ་པ་དང་ལས་ཞུགས་ཐུབ་ཚད་92.13%ཟིན་ཡོད། ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་མཐོ་སློབ་སློབ་ཐོན་སློབ་མ་418ལས་མི་390ལས་ཞུགས་ཐུབ་སྟེ་ལས་ཞུགས་ཐུབ་ཚད་93.3%ཟིན་ཡོད།

    རྩལ་ནུས་གསོ་སྦྱོང་ལས་དོན་ཏན་ཏིག་སྤེལ་ནས་ནུས་ཤུགས་ཡོད་རྒུས་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བ། ལོ་ཧྲིལ་པོར་མི་12827(དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་10789ཡོད་པ)གསོ་སྦྱོང་བྱས་པ་དང་གསོ་སྦྱོང་བྱས་རྗེས་མི་7522ལས་ཞུགས་ཐུབ་ནས་ལས་ཞུགས་ཐུབ་ཚད་58.64%ཟིན་ཡོད། གསོ་སྦྱོང་ནང་ལས་ཞུགས་གཞན་སྒྱུར་གྱི་རྩལ་ནུས་གསོ་སྦྱོང་དང་། དངོས་སྤྱོད་ལག་རྩལ་གསོ་སྦྱོང་། ཁེ་ལས་ཀྱིས་ཚབ་གཉེར་འགན་གཙང་གསོ་སྦྱོང་། ལས་ཞུགས་རྩལ་ནུས་མཐོར་གཏོང་གསོ་སྦྱོང་བཅས་ཁྱོན་ལས་རིགས་སྣ་ཁ་30ཙམ་ཡོད་པ་རེད།

    ལས་གཏོད་ཞབས་ཞུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་ཀྱི་ཕན་འབྲས་ལ་སྣེ་ཁྲིད་བྱས་པ། 《ཆབ་མདོ་གྲོང་ཁྱེར་གྱི་ལས་གཏོད་ཁག་ཐེག་དངུལ་བུན་དོ་དམ་བྱེད་ཐབས་ལག་བསྟར་ཞིབ་སྲོལ》བཏོན་ནས་ཁྱོན་སྒོར་ཁྲི་500གྲབས་གསོག་བྱས་ཏེ་ལས་གཏོད་ཁག་ཐེག་དངུལ་བུན་ཐེབས་རྩར་བྱས་ནས་ལས་གཏོད་ཁག་ཐེག་དངུལ་བུན་ལས་དོན་ལ་སྐུལ་འདེད་བཏང་བ་རེད། ལོ་ཧྲིལ་པོར་མི་447ལས་གཏོད་གསོ་སྦྱོང་བྱས་ནས་མི་34ལས་གཏོད་ཐུབ་པ་དང་ལས་གཏོད་གསོ་སྦྱོང་གིས་མི་149ལས་ཞུགས་ཐུབ་པར་སྣེ་ཁྲིད་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།