[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཆབ་མདོ་གྲོང་ཁྱེར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དཀའ་ངལ་ཡོད་པའི་ལས་བཟོར་འཚམས་འདྲི་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-18

    ཚེས་15ཉིན། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཆབ་མདོ་གྲོང་ཁྱེར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དཀའ་ངལ་ཡོད་པའི་ལས་བཟོའི་དུད་ཁྱིམ་10ལ་འཚམས་འདྲི་བྱས་ནས་ཁོང་ཚོས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་བ་བྱས་ཡོད། 

    ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས“དཀའ་ངལ་ཡོད་པའི་ལས་བཟོའི་དཀའ་ངལ་སེལ་བ་དང་དཀའ་ངལ་གྱི་གནས་ལས་སྒྲོལ་བ་དང་། དཀའ་ངལ་ཡོད་པའི་ལས་བཟོར་རོགས་སྐྱོར་བྱེད་པ། རྒྱུན་རྣམ་ཅན་གྱི་དྲོ་སྐྱིད་སྦྱིན་པ་བཅས”ཀྱི་རོགས་སྐྱོར་བྱེད་སྟངས་སྤྱད་དེ་འཚོ་བ་དང་ཉེ་བཅར་ཧུར་ཐག་གིས་ལས་བཟོ་དང་འབྲེལ་བ་ཟབ་མོ་འཛུགས་ཆེད་དང་། དཀའ་ངལ་ཡོད་པའི་ལས་བཟོའི་ཆེད་བྱ་བ་དངོས་སྒྲུབ་པ་དང་ལས་དོན་ཡག་པོ་སྒྲུབ་སྟེ་དཀའ་ངལ་ཡོད་པའི་ལས་བཟོས་དཀའ་ངལ་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་ཆེད། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཆབ་མདོ་གྲོང་ཁྱེར་དུ་ཆབ་མདོ་གྲོང་ཁྱེར་ནགས་ལས་ཚད་ཡོད་འགན་འཁྲི་ཀུང་སིའི་དབང་ཆེན་རྒྱ་མཚོ་དང་། ཀོང་ཡུས་སྨན་ལས་ཀྱི་ཟླ་བ་བཀྲ་ཤིས། ཆབ་མདོ་གྲོང་ཁྱེར་ནགས་ལས་ཚད་ཡོད་འགན་འཁྲི་ཀུང་སིའི་བྱམས་པ་ཚེ་མཚོ་སོགས་དུད་ཚང་10ཡི་ཡིག་ཚགས་དང་གཱ་བཟོས་པའི་དཀའ་ངལ་ཡོད་པའི་ལས་བཟོར་འཚམས་འདྲིའི་དངུལ་སྒོར་10000སྤྲད་པས་ཁོང་ཚོའི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།