[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རྩེ་བྱང་གྲོང་ཚོར་བཅའ་སྡོད་ལྗོངས་དམངས་སྲིད་ཐིང་གི་ལས་དོན་རུ་ཁག་གིས་མང་ཚོགས་ལ་གྱོན་ཆས་སྣ་ཁ་མི་འདྲ་བ་500ལྷག་ཙམ་ཞལ་འདེབས་བརྒྱབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-17

    ཉེ་ཆར། ལྷ་རྩེ་རྫོང་རྩེ་བྱང་གྲོང་ཚོར་བཅའ་སྡོད་ལྗོངས་དམངས་སྲིད་ཐིང་གི་ལས་དོན་རུ་ཁག་ཁག་བརྒྱད་པས་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པ་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་རྩེ་བྱང་གྲོང་ཚོར་ལུས་སྦྱོང་གྱོན་གོས་ཆ་ཚང་དང་། ནང་འཇམ། ཕྱི་གོས། གོས་ཐུང་། ལྷམ་སོགས་སྣ་ཁ་མི་འདྲ་བ་500ལྷག་ཙམ་ཞལ་འདེབས་བརྒྱབ་པ་དང་འབྲེལ་གཅེས་སེམས་མཚོན་པའི་གྱོན་ཆས་ཞལ་འདེབས་འབུལ་བའི་མཛད་སྒོ་གཉེར་ཏེ། དུད་ཚང་མི་རེ་ངོ་རེར་གྱོན་ཆས་སྤྲད་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དང་སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་མཚོན་པར་བྱས་པ་རེད།

    ད་ཐེངས་ཁྱོན་སྒོར་ཁྲི་5ལྷག་ཙམ་རི་བའི་གྱོན་ཆས་ཞལ་འདེབས་ཕུལ་བ་དེས་མང་ཚོགས་དུད་ཚང་137ལ་ཕན་པ་ཐོབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།