[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ནད་ཆེན་འགན་བཅོལ་རྩིས་ཞུ་བྱེད་ཚད་60%བར་མཐོ་རུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-13

    ● 2019ལོའི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཀྱི་ཚད་གཞི་སྒོར་30སྤར་ནས་མི་རེར་ལོ་རེར་སྒོར་520ལས་མི་དམའ་བ་བྱ་རྒྱུ་དང་ནད་ཆེན་འགན་བཅོལ་གྱི་སྲིད་ཇུས་ཁྱབ་ཁོངས་ནང་གི་རྩིས་ཞུ་བྱེད་ཚད་50%ནས་60%བར་མཐོ་རུ་གཏོང་རྒྱུ་རེད།

    ● གསར་དུ་སྤར་བའི་ནོར་སྲིད་ཀྱི་ཁ་གསབ་ནས་ཕྱེད་ཀ་ནད་ཆེན་འགན་བཅོལ་གྱི་འགན་སྲུང་ནུས་པ་ཆེ་རུ་གཏོང་རྒྱུར་སྤྱོད་རྒྱུ་ཡིན་པ་སྟེ། ནད་ཆེན་འགན་བཅོལ་དེ་2018ལོའི་མི་རེའི་ཆ་སྙོམས་གྲབས་དངུལ་གྱི་ཚད་གཞིའི་ཐོག་སྒོར་15སྤོར་རྒྱུ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱིས་སྤྲོད་དགོས་པའི་རིན་པའང་དུས་གཅིག་ཏུ་སྒོར་30སྤར་ནས་མི་རེར་ལོ་རེར་སྒོར་250ཟིན་པ་བྱ་རྒྱུ་རེད།        

    ཉེ་ཆར་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ནོར་སྲིད་པུའུ་དང་མཉམ་འབྲེལ་ཐོག《2019ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་ཞིང་། 《བརྡ་ཐོ》ཡི་ནང་། 2019ལོའི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཀྱི་ཚད་གཞི་སྒོར་30སྤར་ནས་མི་རེར་ལོ་རེར་སྒོར་520ལས་མི་དམའ་བ་བྱ་རྒྱུ་དང་ནད་ཆེན་འགན་བཅོལ་གྱི་སྲིད་ཇུས་ཁྱབ་ཁོངས་ནང་གི་རྩིས་ཞུ་བྱེད་ཚད་50%ནས་60%བར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་གསལ་སྟོན་བྱས་པ་རེད། ལོ་མཇུག་གོང་ས་གནས་ཁག་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པ་ཚང་མ་བསྡུ་སྒྲིལ་གྱིས་གཅིག་གྱུར་ཐོག་ལག་བསྟར་བྱ་རྒྱུ་རེད།

    གསར་དུ་སྤར་བའི་ནོར་སྲིད་ཀྱི་ཁ་གསབ་ནས་ཕྱེད་ཀ་ནད་ཆེན་འགན་བཅོལ་གྱི་འགན་སྲུང་ནུས་པ་ཆེ་རུ་གཏོང་རྒྱུར་སྤྱོད་རྒྱུ་ཡིན་པ་སྟེ། ནད་ཆེན་འགན་བཅོལ་དེ་2018ལོའི་མི་རེའི་ཆ་སྙོམས་གྲབས་དངུལ་གྱི་ཚད་གཞིའི་ཐོག་སྒོར་15སྤོར་རྒྱུ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱིས་སྤྲོད་དགོས་པའི་རིན་པའང་དུས་གཅིག་ཏུ་སྒོར་30སྤར་ནས་མི་རེར་ལོ་རེར་སྒོར་250ཟིན་པ་བྱ་རྒྱུ་རེད།

    ནད་ཆེན་དང་གཅོང་ནད་ཕོག་མཁན་ངོས་ནས་བརྗོད་ན་སྨན་རིན་རྩིས་ཞུ་ཐུབ་ཚད་དེ་བས་མང་དུ་འགྲོ་རྒྱུ་རེད། 《བརྡ་ཐོ》ཡི་ནང་། གསར་སྤར་གྱི་གྲབས་དངུལ་དག་ཕྱོགས་གཅིག་ནས་སྲིད་ཇུས་ཁྱབ་ཁོངས་ནང་གི་སྨན་ཁང་དུ་སྡོད་པའི་སྨན་རིན་རྩིས་ཞུ་བྱེད་ཚད་བརྟན་དུ་དང་མཐོ་རུ་གཏོང་བ་དང་། གྲོང་མི་ཡོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་རིན་གཅིག་འདོམས་དང་དེ་བཞིན་གཏོང་སྤྲོད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུ་སོགས་སྒོ་བསྟེན་ལ་སྤྱོད་པའི་སྨན་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ནང་འཇུག་པ་བཅས་ཀྱི་ཐད་སྤྱོད་རྒྱུ་རེད། ཕྱོགས་གཞན་ཞིག་ནས་ནད་ཆེན་འགན་བཅོལ་གྱི་འགན་སྲུང་ནུས་པ་ཆེ་རུ་གཏོང་བའི་ཐད་སྤྱོད་རྒྱུ་ཡིན་ཞིང་། ཐོག་མའི་གཏོང་སྤྲོད་ཀྱི་ཚད་གཞི་དམའ་རུ་དང་གཅིག་གྱུར་བཟོ་རྒྱུ་ནི་རྩ་དོན་ཐོག་ལོ་གོང་མའི་ལོ་འཁོར་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་50%གཞིར་བཟུང་གཏན་འཁེལ་བྱ་རྒྱུ་དང་། སྲིད་ཇུས་ཁྱབ་ཁོངས་ནང་གི་རྩིས་ཞུ་བྱེད་ཚད་50%ནས་60%བར་མཐོ་རུ་གཏོང་རྒྱུ། མི་འབོར་དབུལ་པོར་གཏོང་སྤྲོད་ཀྱི་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཐོག་མའི་གཏོང་སྤྲོད་ཀྱི་ཚད་གཞི་50%དམའ་རུ་དང་གཏོང་སྤྲོད་ཀྱི་ཚད་གཞི་བརྒྱ་ཆའི་གྲངས་5་མཐོ་རུ་གཏོང་བའི་རྨང་གཞིའི་ཐོག་ཐོག་མའི་གཏོང་སྤྲོད་ཀྱི་ཚད་གཞི་མཐོ་ཤོས་ཚང་མ་མེད་པ་བཟོ་རྒྱུ་དེ་རེད།

    དེའི་གོང་ས་གནས་ཁག་གི་ནད་ཆེན་འགན་བཅོལ་གྱི་གྲབས་དངུལ་ཚད་གཞི་དང་རྩིས་ཞུའི་ཐོབ་ཐང་འདྲ་གི་མེད།《བརྡ་ཐོའི》ནང་། ས་གནས་ཁག་གིས་གོམ་སྟབས་གཅིག་མཚུངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་ཆེན་འགན་བཅོལ་ལམ་ལུགས་གཅིག་གྱུར་བཙུགས་ཏེ་ནད་ཆེན་འགན་བཅོལ་གྱི་གྲབས་དངུལ་དང་། དེ་བཞིན་ཐོབ་ཐང་འགན་ལེན་སྲིད་ཇུས་གཅིག་གྱུར་དང་ཚད་ལྡན་བཟོ་དགོས་པའི་བླང་བྱ་གཙོ་བོར་བཏོན་ཡོད།

    མི་འབོར་དབུལ་པོའི་ངོས་ནས་བརྗོད་ན། འདི་ལོའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་ལམ་ལུགས་གལ་ཆེན་གསུམ་པོས་ཕྱོགས་བསྡུས་འགན་བཅོལ་ལ་ཤུགས་སྣོན་ཐེབས་ཏེ་འགན་སྲུང་ནུས་པ་ཆེ་རུ་གཏོང་རྒྱུ་རེད། 《སྨན་བཅོས་འགན་བཅོལ་དབུལ་སྐྱོར་གྱི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་ཇུས་གཞི(2018ལོ་ནས་2020ལོ་བར)》ཡི་བླང་བྱ་གཞིར་བཟུང་། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ཁྲོད་ཀྱི་སྨན་བཅོས་འགན་བཅོལ་གྱི་ཉམས་ཞན་ལྷུ་ཚིགས་ཐག་གཅོད་ནུས་ལྡན་བྱས་ཏེ་མང་ཚོགས་དབུལ་པོར་འགན་ལེན་བྱེད་ཐུབ་རིགས་འགན་ལེན་གང་ཐུབ་ཅི་ཐུབ་བྱ་རྒྱུ་དང་། དེ་བཞིན་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་ནད་གཞིས་རྐྱེན་པས་སླར་ཡང་དབུལ་པོར་རང་ལོག་གི་གནད་དོན་འགོག་ཟོན་དང་སེལ་བའི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུ་རེད།

    འདི་ལོའི་ལོ་མཇུག་གོང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པ་མཉམ་དུ་ལག་ལེན་བསྟར་ཏེ། གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ལམ་ལུགས་ཤིག་ཆགས་པར་བྱས་ནས་རྩིས་ཞུའི་ཐོབ་ཐང་དང་གྲབས་དངུལ་གྱི་ཆུ་ཚད་སོགས་གཅིག་གྱུར་ཆགས་པ་བྱ་རྒྱུ་རེད། མིག་སྔར། ཞིང་ཆེན་24རུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ལམ་ལུགས་བསྡུ་སྒྲིལ་ལས་དོན་ལེགས་གྲུབ་ཟིན་པ་དང་། དེ་བྱིངས་ཞིང་ཆེན་7དུ་སྔར་རྒྱུན་བཞིན་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པ་མཉམ་དུ་ལག་ལེན་བསྟར་བཞིན་ཡོད། 《བརྡ་ཐོའི》ནང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པ་ད་དུང་ཡང་ཆ་ཚང་བསྡུ་སྒྲིལ་གཅིག་གྱུར་བྱུང་མེད་པའི་ས་ཁུལ་ལ་གཙོ་གནད་ཐོག་དམིགས་ཏེ་གང་མགྱོགས་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་བཏང་ནས་2019ལོའི་ལོ་མཇུག་གོང་ལམ་ལུགས་གཉིས་དུས་གཅིག་ཏུ་ལག་བསྟར་བྱས་ནས་གཅིག་གྱུར་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ལམ་ལུགས་ཐད་ཁྱབ་པར་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད།

    གཞི་རྩའི་སྨན་བཅོས་འགན་བཅོལ་ཐོབ་ཐང་གི་དྲང་སྙོམས་རང་བཞིན་འགན་ལེན་བྱ་ཆེད། 《བརྡ་ཐོའི》ནང་། ས་ཁུལ་དང་གྲོང་ཁྱེར་རིམ་པའི་གྲབས་དངུལ་ཐེབས་རྩ་བསྡུ་སྤྲོད་གཅིག་གྱུར་དང་། སྲིད་ཇུས་ལམ་ལུགས་གཅིག་གྱུར། གཉེར་སྒྲུབ་དོ་དམ་གཅིག་གྱུར་བཅས་ཡོང་བ་བྱེད་དགོས་པ་མ་ཟད། སྨན་བཅོས་རོགས་སྐྱོབ་ཀྱི་དོ་དམ་རིམ་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གཅིག་འདོམས་རིམ་པ་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས་རིགས་ཁག་གི་མི་ཚོགས་ཀྱི་ཐོབ་ཐང་གི་དྲང་སྙོམས་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།