[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གཞིས་རྩེས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-11

     གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔར་གཞིས་རྩེ་གྲོང་ཁྱེར་གྱིས་དུད་ཚང་16658ཀྱི་མི་གྲངས་68568ཀྱི་སྡོད་ཁང་འཛུགས་སྐྲུན་བྱས་པ་དེས་འཆར་གཞིའི་གནས་སྤོས་ལས་འགན་གྱི་97.9%བཟུང་བ་དང་དུད་ཚང་15269ཡི་མི་གྲངས་61359གནས་སྤོས་བྱས་པ་དེས་སྡོད་ཁང་འཛུགས་སྐྲུན་དུད་ཚང་བསྡོམས་གྲངས་ཀྱི་89.5%བཟུང་ཡོད། གྲོང་ཁྱེར་ཡོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར་42དམིགས་སར་འབྱོར་པ་ཚང་མ་རྫོང་དང་ཆུས་ཁག་ལ་གཤམ་སྤྲོད་བྱས་པ་དང་། རྫོང་དང་ཆུས་ཀྱིས་མ་དངུལ་སྒོར་དུང་ཕྱུར་36.44དངོས་སུ་བེད་སྤྱོད་བཏང་བ། མ་དངུལ་དངོས་སུ་བེད་སྤྱོད་གཏོང་ཚད་86.8%ཟིན་ཡོད། གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་ལ་གཞིགས་ན། འདི་ལོའི་ཟླ་དྲུག་པའི་ཟླ་མཇུག་ཏུ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྡོད་ཁང་འཛུགས་སྐྲུན་དང་གནས་སྤོས་ཀྱི་ལས་འགན་ལེགས་འགྲུབ་ཡོང་རྒྱུ་རེད།

    ཁྱད་ཆོས་ཁོང་དུ་ཆུད་པ་དང་ཐོན་ལས་ཀྱི་ལེ་ལག་ཚང་སྒྲིག་བྱས་པ། གཞིས་རྩེ་གྲོང་ཁྱེར་གྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དེ་མཐའ་སྲུང་མཐའ་བརྟན་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར། གྲོང་གསེབ་གསར་པ་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས་བཅས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་རིང་མང་ཚོགས་ལ་ངལ་རྩོལ་ནང་ཞུགས་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱས་པ་དང་ཆབས་ཅིག་ས་གནས་དེ་གའི་ཨར་ལས་རུ་ཁག་དང་མང་ཚོགས་དབུལ་པོ་བསྡུས་ནས་སྡོད་ཁང་གཅིག་གྱུར་ཐོག་བསྐྲུན་པ་ལས་འཛུགས་སྐྲུན་མ་གནས་དམའ་རུ་སོང་ལ་འཛུགས་སྐྲུན་ནང་ཞུགས་པ་བརྒྱུད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཨར་ལས་ཀྱི་ལག་རྩལ་ཡང་ཁོང་དུ་ཆུད་ཐུབ་པ་བྱུང་ཡོད།

    མིག་སྔར་གཞིས་རྩེ་གྲོང་ཁྱེར་གྱི་ཁ་འགྲེམ་རྣམ་པའི་དབུལ་སྐྱོར་འོད་ཤུགས་གློག་ཁང་རྣམ་གྲངས་དང་པོ་ནས་གློག་གཏོང་འགོ་ཚུགས་པ་དང་འབྲེལ་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་སྡོད་ཁང་ཚང་མར་གློག་ཁྲིད་པས་ཡུལ་གཞན་དུ་གནས་སྤོས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་5000ལྷག་ཙམ་བྱུང་བ་རེད།

    བསམ་འདུན་ལ་བརྩི་འཇོག་དང་བཀོད་སྒྲིག་ལུགས་མཐུན་བྱས་པ། གཞིས་རྩེ་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་བསམ་འདུན་ལ་བརྩི་འཇོག་བྱེད་པ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ཆ་རྐྱེན་ཨང་དང་པོར་བརྩིས་ཤིང་། བཙན་ཤེད་ཀྱིས་བཀའ་རྒྱ་གཏོང་བ་སོགས་མི་བྱེད་པར། རང་འགུལ་ངང་ཞུ་ཡིག་འབུལ་བ་དང་། ཐོབ་ཐང་དཔྱད་ཞིབ་བྱེད་པ། གྲོང་ཚོ་རིམ་པས་ཡོངས་བསྒྲགས་བྱེད་པ། གྲོང་མིས་བརྡས་ཐག་གཅོད་པ་བཅས་ཀྱི་གོ་རིམ་བརྒྱུད་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མི་སྣ་གཏན་འཁེལ་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་ཏེ་གནས་འདེམས་དང་། ཇུས་འགོད། འཛུགས་སྐྲུན་སོགས་ཀྱི་ལྷུ་ཚིགས་ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པའི་ཁར། མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་ནས་གནས་སྤོས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་བསྐངས་པ་ལས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སྲིད་ཇུས་ལ་མང་ཚོགས་ཀྱི་བརྩི་བཀུར་མཐའ་གཅིག་ཏུ་ཐོབ་ཡོད་པ་རེད།

    རྗེས་སྙེག་མཛུབ་ཁྲིད་དང་འཛུགས་སྐྲུན་ལུགས་མཐུན་བྱས་པ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་གཞིས་རྩེ་གྲོང་ཁྱེར་གྱིས་རིགས་ཁག་གི་ལྟ་སྐུལ་མཛུབ་ཁྲིད་དང་། གཅིག་འདོམས་ཕྱོགས་བསྡུས་ཀྱི་ལྟ་སྐུལ་མཛུབ་ཁྲིད། ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་བཅས་ཀྱི་རྣམ་པ་བསྡུ་སྒྲིལ་བྱས་ཏེ། རིམ་པ་དབྱེ་བ་དང་དམིགས་ཡུལ་ཡོད་པའི་སྒོ་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་འཛུགས་སྐྲུན་གྱི་མཛུབ་ཁྲིད་ལས་དོན་སྤེལ་བ་དང་། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཀའི་གནོན་ཤུགས་སྤྲོད་པ་བཅས་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་འཛུགས་སྐྲུན་ལས་དོན་ལ་ནུས་པ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱས་ཡོད། དུས་མཚུངས་སུ་གྲོང་ཁྱེར་ཡོངས་ཀྱིས“གཞི་ཁྱོན་འོས་འཚམ་དང་། ནུས་པ་ལུགས་མཐུན། དཔལ་འབྱོར་བདེ་འཇགས། ཁོར་ཡུག་གཙང་མ། གནས་འཕྲོད་ལས་འཕྲོད”དང“གང་ཞིག་མ་འདང་ན་དེ་གསབ་པའི”རྩ་དོན་གཞིར་བཟུང་། མ་དངུལ་སྒོར་དུང་ཕྱུར་5.78བཏང་ནས་བཀོད་སྒྲིག་བྱ་ཡུལ་གྱི་ཆུ་དང་། གློག ལམ་སོགས་རྨང་གཞིའི་སྒྲིག་བཀོད་དང་གད་སྙིགས་དང་ཆུ་སྙིགས་གཙང་སེལ་གྱི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་བརྒྱུད། གནས་འཕྲོད་དང་། ལས་འཕྲོད། ཡུལ་སྐོར་ལ་འཕྲོད་པ་བཅས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་གྱི་དམིགས་ཚད་དུ་སླེབས་ཡོད་ལ། གོམ་སྟབས་རྗེས་མར་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་ལེན་བསྟར་བར་རྨང་གཞི་བརྟན་པོ་ཞིག་ཀྱང་འདིང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།