[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྨན་གླིང་གྲོང་རྡལ་དུང་མཚོ་སྡེ་ཁུལ་གྱིས་ཉེ་འགྲམ་དུ་ཞབས་འདེགས་ཞུས་ཏེ་མི་སེར་གྱི་ལས་དོན་སྒྲུབ་བདེ་རུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-17

    ཉེ་བའི་ལོ་ཤས་ནང་། སྨན་གླིང་རྫོང་སྨན་གླིང་གྲོང་རྡལ་དུང་མཚོ་སྡེ་ཁུལ་གྱིས“རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི”བརྗོད་དོན་གཙོ་བོར་དམིཌ་ཏེ“གཅིག་འཐུས་རྣམ་པའི”ཞབས་འདེགས་ཞུ་རྒྱུ་ཁྱབ་གདལ་བཏང་ནས“ཏང་ཡོན་གྱི་ཐོབ་ཐང་མངོན་པར་བྱེད་པ་དང་། ཏང་ཡོན་གྱི་མཐའ་ཚད་བཟོ་བ། ཏང་ཡོན་གྱིས་ཞབས་ཞུ་སྒྲུབ་པ”བཅས་ཀྱི“1+3”གྱི་རྣམ་པའི་ཐོག་ནས་སྡེ་ཁུལ་ཏང་ཡོན་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཧུར་སེམས་དང་རང་འགུལ་རང་བཞིན་འཕེལ་བར་བྱས་ཏེ་གཞི་རིམ་རྩ་འཛུགས་ཀྱི་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཐོག་ཞབས་ཞུ་རྣམ་པའི་ཞི་མཐུན་གྱི་སྡེ་ཁུལ་ཧུར་ཐག་བཏོད་ཡོད་པ་རེད།

    སྡེ་ཁུལ་གྱིས་དུང་མཚོ་སྡེ་ཁུལ་གྲོང་ལྷན་གྱི་དམངས་ཕན་ཞབས་ཞུའི་ལྟེ་གནས་བཙུགས་ཏེ་ཞབས་ཞུ་ཁས་ལེན་ལམ་ལུགས་ཁག་6དང་དམངས་ཕན་ཞབས་ཞུའི་བསྲུང་བྱ་ཁག་10བཟོས་པ་དང་། བསམ་འཆར་སྒམ་1དང་ཏང་ཡོན་གྱི་དཔེ་སྟོན་ལས་གནས་4བཙུགས་ཏེ་སྟབས་བདེའི་ཞབས་ཞུའི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་བཏང་ཡོད། མིག་སྔར་དམངས་ཕན་ཞབས་ཞུའི་ལྟེ་གནས་ཀྱིས་ལས་དོན་ཡག་པོ་སྒྲུབ་ཐུབ་ཀྱི་ཡོད་ཅིང་། ཆ་སྙོམས་ཉིན་རེར་ལས་སྒྲུབ་མང་ཚོགས་མི་ཐེངས་15ཡན་ལ་སྣེ་ལེན་ཞུས་ཏེ་མང་ཚོགས་ཀྱི་རེ་ཞུར“གཅིག་འཐུས་རྣམ་པའི”ཐོག་ནས་ཞབས་འདེགས་ཞུ་ཐུབ་ཀྱི་ཡོད་པ་རེད།

    སྡེ་ཁུལ་ཏང་ཀྲི་པུས་ཏང་ཡོན་ཚོར་རྒྱུན་གཏན་ནས་ལས་ཀར་སྐྱོད་པའམ་ཡང་ན་དམིགས་བསལ་གྱི་གནས་ཡུལ་དུ་སྐྱོད་དུས་སུ་ཏང་རྟགས་དང་ལས་རྟགས་ངེས་པར་དུ་བཏགས་ནས་རང་འགུལ་ངང་མང་ཚོགས་ལ་ཏང་ཡོན་གྱི་ཐོབ་ཐང་མངོན་པར་བྱེད་པ་དང་། ཏང་ཡོན་གྱི་ཐོབ་ཐང་གི་འདུ་ཤེས་ཟབ་ཏུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། དེ་དང་ཆབས་ཅིག“ཏང་ཡོན་གྱི་དམངས་ཕན་ཞབས་ཞུའི་གཱ”བཟོས་ཏེ་ཏང་ཡོན་གྱི་མིང་དང་། ཞབས་འདེགས་ཞུ་ཡུལ། ཁ་པར་ཨང་གྲངས། “དུང་མཚོ་སྡེ་ཁུལ་ཏང་ཡོན་གྱི་དམངས་ཕན་ཞབས་ཞུའི་ཚོགས་པའི”རྩ་གཉིས་ཨང་རྟགས་བཅས་ཁྱབ་བསྒྲགས་བྱས་ཏེ་གྲོང་མིས་རྩ་གཉིས་ཨང་རྟགས་བཤར་འབེབས་བརྒྱུད་འབྲེལ་ཡོད་ལས་དོན་སྤེལ་བའི་བརྒྱུད་རིམ་བློ་འདྲི་བྱེད་ཆོག་པས། གྲོང་མིའི་ལས་སྒྲུབ་ཀྱི་དུས་ཚོད་གྲོན་ཆུང་ཐུབ་པ་དང་སྡེ་ཁུལ་ཏང་ཡོན་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་ཕྱོད་ཆེ་རུ་ཕྱིན་ཡོད་པ་རེད།

    “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཟུང་འབྲེལ་བྱས་ཤིང་། སྡེ་ཁུལ་གྱིས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”སོགས་ཏང་རྩ་འཛུགས་ཀྱི་འཚོ་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་སློབ་སྦྱོང་ལ་བརྟེན་ནས་ལས་དོན་བསྒྲུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་སྡེ་ཁུལ་ཏང་ཡོན་གྱི་སྣེ་ཁྲིད་ཏེ་མཐའ་ཚད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཏང་ཡོན་ལ“སྣེ་འཁྲིད་ལྔ”དང“བྱེད་མི་ཆོག་པ་ལྔ”ལག་བསྟར་བྱས་ཏེ་སྡེ་ཁུལ་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    སྡེ་ཁུལ“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིས་ཏང་ཡོན་དང་ཆ་སྒྲིག་བྱེད་པ་དང་སྦྲགས། “ཏང་ཡོན་གྱི་སྙིང་གཏམ་ཤོད་པའི་ཞབས་ཞུ་ཁང”བཙུཌ་ནས་གཟའ་འཁོར་རེར་དུས་ངེས་མེད་ཐོག་སྙིང་གཏམ་ཤོད་པའི་བྱེད་སྒོ་ཐེངས་3ནས་5བར་སྤེལ་ཏེ་བསམ་བློ་དང་། ལས་དོན། འཚོ་བ་བཅས་ཐད་ཀྱི་ཏང་ཡོན་གྱི་གནད་དོན་དང་དཀའ་གནད་དུས་ཐོག་ཏུ་ཐག་གཅོད་བྱས་པ་དང་ཆབས་ཅིག སྡེ་ཁུལ་གྱིས་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཁྱབ་ཚུལ་དང་ཟུང་འབྲེལ་བྱས་ཏེ་དྲ་མིག་3དུ་དབྱེ་ནས་སྡེ་ཁུལ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་མི་རེ་ངོ་རེས་དྲ་མིག་རེ་དང་འབྲེལ་བ་བྱེད་ཐབས་བཟོས་པ་དང་། དྲ་མིག་རེར་སྡེ་ཁུལ་གྱི་དྲ་མིག་དོ་དམ་པ་2ཀྱིས་འགན་འཁུར་ཏེ་དྲ་མིག་ནང་གི་མང་ཚོགས་ཚོར་སྲིད་ཇུས་བརྒྱུད་བསྒྲགས་དང་། དྲོ་སྐྱིད་སྦྱིན་པ། ཞབས་འདེགས་ཞུ་བ་བཅས་བྱེད་ཀྱི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།