[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ས་མཚམས་འཛུལ་སྒྲོལ་ལག་ཁྱེར་རྒྱལ་ཡོངས་ཀུན་ནས་གཉེར་ཆོག་པ།

    “ལམ་བར་གྱི་མ་གནས”དམའ་རུ་ཕྱིན་ནས་མང་ཚོགས་ལ་སྟབས་བདེ་བསྐྲུན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-10

    ཟླ་4ཚེས་1ཉིན་ནས་བཟུང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱིར་བཏང་ལམ་ཡིག་དང་། ཤང་ཀང་དང་ཨའོ་མོན་ལ་འགྲོ་འོང་ཆོག་པའི་ལམ་ཡིག ཐའེ་དབན་ལ་འགྲོ་འོང་ཆོག་པའི་ལམ་ཡིག་སོགས་ས་མཚམས་འཛུལ་སྒྲོལ་ལག་ཁྱེར་རྒྱལ་ཡོངས་ཀུན་ནས་གཉེར་ཆོག་གི་ཡོད་པ་མ་ཟད། “ཐེངས་གཅིག་ལས་སྐྱོད་མི་དགོས་པའི”ཚད་གཞི་མུ་མཐུད་ལག་བསྟར་བྱེད་མཁན་ཡིན་ཞིང་། ནང་སའི་གྲོང་མི་ཚོས་རྒྱལ་ཡོངས་ཀྱི་ས་མཚམས་འཛུལ་སྒྲོལ་དོ་དམ་སྐར་ཁུང་གང་རུང་དུ་གོང་གསལ་གྱི་ས་མཚམས་འཛུལ་སྒྲོལ་ལག་ཁྱེར་གཉེར་བའི་རེ་ཞུ་བྱ་ཆོག་ལ་འགྲོ་ལུགས་གཉེར་སྟངས་ཐེམ་ཐོ་གནས་ཡུལ་དང་གཅིག་མཚུངས་ཡིན་པ་རེད།

    ས་མཚམས་འཛུལ་སྒྲོལ་ལག་ཁྱེར་ཐད་རྒྱལ་ཡོངས་ཀུན་ནས་གཉེར་ཆོག་པའི་ལམ་ལུགས་ལག་བསྟར་བྱས་རྗེས་ལག་ཁྱེར་གསུམ་ག་གཉེར་ཆོག་པ་མངོན་འགྱུར་ཐུབ་སྲིད།

    རྒྱལ་ཡོངས་ཀྱི་ས་ཁུལ་ཁག་ཚང་མར་གཉེར་ཆོག་པ་སྟེ་ནང་སའི་གྲོང་མིས་རྒྱལ་ཡོངས་ཀྱི་ས་མཚམས་འཛུལ་སྒྲོལ་དོ་དམ་སྐར་ཁུང་ཚང་མར་ས་མཚམས་འཛུལ་སྒྲོལ་གྱི་ལག་ཁྱེར་གཉེར་རྒྱུའི་རེ་ཞུ་བྱ་ཆོག་པ།

    ནང་སའི་གྲོང་མི་ཚང་མས་གཉེར་ཆོག་པ་སྟེ་ཐེམ་ཐོ་དང་སྡོད་གནས་སོགས་ཀྱི་ཆ་རྐྱེན་ལ་ཚད་བཀག་མེད་པར་ནང་སའི་གྲོང་མི་ཡིན་ཕྱིན་ཚང་མས་ཡུལ་གཞན་དུ་ས་མཚམས་འཛུལ་སྒྲོལ་གྱི་ལག་ཁྱེར་གཉེར་རྒྱུའི་རེ་ཞུ་བྱ་ཆོག་པ།

    རྒྱལ་ཁབ་དང་ས་མཚམས་ནས་སྒྲོལ་བའི་ལག་ཁྱེར་ཚང་མ་གཉེར་ཆོག་པ་སྟེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱིར་བཏང་ལམ་ཡིག་དང་། ཤང་ཀང་དང་ཨའོ་མོན་ལ་འགྲོ་འོང་ཆོག་པའི་ལམ་ཡིག ཐའེ་དབན་ལ་འགྲོ་འོང་ཆོག་པའི་ལམ་ཡིག་སོགས་ཚང་མ་ཡུལ་གཞན་ནས་གཉེར་རྒྱུའི་རེ་ཞུ་བྱ་ཆོག་གི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།