[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གཞིས་རྩེའི་དམངས་འཚོའི་འདུ་འགོད་ཀྱི་ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར་བརྒྱ་ཙམ་ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-07

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་ནོར་སྲིད་སྡེ་ཚན་གྱིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་བྱེད་ཕྱོགས་དོན་འཁྱོལ་ནན་ཏན་བྱེད་པ་དང་མ་དངུལ་དང་སྲིད་ཇུས་ཀྱི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས“གླ་ཕོགས་འགན་ལེན་དང་། འཁོར་སྐྱོད་འགན་ལེན། བརྟན་ལྷིང་འགན་ལེན”བཅས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཡོད།

    བསྡོམས་རྩིས་བྱས་པར་གཞིགས་ན། 2016ལོ་ནས་བཟུང་། རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ནོར་སྲིད་སྡེ་ཚན་གྱིས་སྤྱི་འདོམས་ངང་སྒོར་དུང་ཕྱུར་103.75བསྡུ་སྒྲིལ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་རྒྱུར་སྤྱད་པའི་ནང་2018ལོར་སྒོར་དུང་ཕྱུར་42.51བསྡུ་སྒྲིལ་བྱས་པ་དེ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྒོར་དུང་ཕྱུར་14.79དང་། སྣོད་བཅུད་ཁ་གསབ་ཀྱི་དབུལ་སྒྲོལ་ལས་གནས་ལ་སྒོར་དུང་ཕྱུར་6.19 རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྒོར་དུང་ཕྱུར་17.73 ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར་དང་ཐོན་ལས་དངུལ་བུན་སྐྱེད་གསབ་ལ་སྒོར་ཁྲི་2026 དབུལ་སྒྲོལ་ཕན་འབྲས་ཀྱི་དཔྱད་ཞིབ་བྱ་དགར་སྒོར་ཁྲི་1200 སྔོ་འགྱུར་འཛུགས་སྐྲུན་ལ་སྒོར་ཁྲི་2500 ཡིག་ཚགས་དང་གཱ་བཟོས་པའི་དཀའ་ངལ་ཡོད་པའི་སློབ་གྲྭ་ཆེ་མོ་བར་སློབ་ཡོན་མི་དགོས་པའི་སློབ་གསོའི་ཁ་གསབ་ལ་སྒོར་ཁྲི་693.48བཅས་སྤྱད་ཡོད་པ་རེད། གཞིས་རྩེ་གྲོང་ཁྱེར་གྱི་ནོར་སྲིད་སྡེ་ཚན་གྱིས་སྔ་རྗེས་སུ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་88.17གཤམ་སྤྲོད་བྱས་པ་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་མ་དངུལ་སྒོར་དུང་ཕྱུར་33.27གཤམ་སྤྲོད་བྱས་པ། ནས་ཐོན་མཐོའི་བྱ་སྤྱོད་ཀྱི་སྐྱེ་ལྡན་ལུད་ཀྱི་ཉོ་སྒྲུབ་བྱ་རྒྱུར་མ་དངུལ་སྒོར་ཁྲི་8850གཤམ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།