[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཧྥོའུ་ཧྲན་ཁེ་ལས་ཀྱིས་ལྷུན་གྲུབ་རྫོང་ལ་སྤྱི་སྤྱོད་རླངས་འཁོར་ཞལ་འདེབས་བརྒྱབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-04

    ལྷུན་གྲུབ་རྫོང་ལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རོགས་དང་དབུལ་སྒྲོལ་འགག་སྒྲོལ་བྱེད་རོགས་བྱ་ཆེད། ཉེ་ཆར། ཧྥོའུ་ཧྲན་ཀྲུང་ཐའོ་ལན་མཁོ་སྤྲོད་འབྲེལ་ཐག་ཞབས་ཞུ་ཚད་ཡོད་ཀུང་སིས་ལྷུན་གྲུབ་རྫོང་གི་གྲོང་ཁྱེར་མ་འཇོག་ཀུང་སིར“བརྩེ་སེམས་ལྷུན་གྲུབ་ལ་བཅངས་ནས་ཀུན་ལ་ཕན་པ་འདོགས”ཞེས་པའི་སྤྱི་སྤྱོད་རླངས་འཁོར་ཞལ་འདེབས་རྒྱག་པའི་མཛད་སྒོ་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷུན་གྲུབ་རྫོང་གིས“སྤྱི་སྤྱོད་རླངས་འཁོར་སྔོན་ལ་སྤྲོད་པའི”འཐབ་ཇུས་དོན་འཁྱོལ་ཧུར་ཐག་བྱས་ནས་མ་དངུལ་སྒོར་ཁྲི་360བཏང་སྟེ་སྐྱེལ་འདྲེན་གཉེར་སྐྱོང་གི་འགྲུལ་སྐྱེལ་རླངས་འཁོར་16ཉོས་པ་དང་། གྲོང་གསེབ་ཀྱི་སྤྱི་སྤྱོད་ལམ་ཐིག་10བཟོས་པ། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་10དང་སྲིད་འཛིན་གྲོང་ཚོ་45རུ་ཁྱབ་ནས་ལྷུན་གྲུབ་རྫོང་ཉིད་ལྷ་ས་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཀྱི་སྤྱི་སྤྱོད་འགྲུལ་སྐྱེལ་རླངས་འཁོར་གྱི་ལམ་ཐིག་ཐོག་མར་ཤར་གཏོང་ཐུབ་པའི་སྒྲིག་ཚུད་རྫོང་ཞིག་ཏུ་གྱུར་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།