[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མངའ་རིས་ས་ཁུལ་གྱི་ཆུ་མོ་ལྡེ་གྲོང་ཚོའི“སྡོད་ཁང་རབས་བཞི་པ”ལས། ཀྲུང་གོའི་མཐའ་མཚམས་ཀྱི་འཕོ་འགྱུར་ཆེན་པོ་མངོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-08

    ལྷ་ས་ནས་བར་ཐག་སྤྱི་ལེ་2000ལྷག་ཡོད་པའི་ཐག་རིང་ལུང་ཁུག་གི་གྲོང་ཚོ་སྟེ་ཆུ་མོ་ལྡེ་གྲོང་ཚོ་ནི་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཚོ་སྲིབ་གསུམ་དཀྱིལ་ཤང་དུ་ཡོད་ལ། དེ་ནི་མེ་ཏོག་རྫོང་དུ་སྐྱོད་པ་ལས་ཀྱང་དཀའ་ཚེགས་ཆེ་ལ་ལམ་ཐག་རིང་བ་ཡོད་པ་རེད།

    ཆུ་མོ་ལྡེ་ཞེས་པ་ནི་མཚོ་སྐམ་ཤུལ་གྱི་དོན་ཡིན། དེ་གའི་ས་བབ་མཐོ་ཚད་སྨི་4000ཙམ་ཟིན་ཞིང་། ལོ་ལྟར་ཟླ་དྲུག་ཙམ་ལ་གངས་བབས་ནས་ལམ་བུ་ཚང་མ་འགག་གི་ཡོད་པས་མིང་དོན་མཚུངས་པའི“གངས་ལྗོངས་ཀྱི་ཁེར་ཆགས་གླིང་ཕྲན”ཞིག་རེད།

    རི་ཤོད་གཙང་པོ་ཆུ་མོ་ལྡེ་གྲོང་ཚོ་བརྒྱུད་དེ་གྱ་གྱུར་དུ་བཞུར་ཅིང་། གཙང་པོའི་བྱང་ངོགས་ཀྱི་རི་འདབས་སུ་བཟོ་ལྟ་དང་ཚོས་གཞི་མི་འདྲ་བའི་ཁང་པ་རྙིང་པ་གསུམ་ཡོད་ལ་དེའི་འཁྲིས་སུ་ཐོག་སོ་གཉིས་ལྡན་གྱི་ཁང་པ་དཀར་པོ་གསར་རྐྱང་ཞིག་བརྒྱབ་ཡོད་པ་རེད།

    ཁང་པ་རྙིང་པ་དང་ཁང་པ་གསར་པ། “མི་རབས་བཞི་འཛོམས”ཀྲུང་གོའི་མཐའ་མཚམས་ལ་འཕོ་འགྱུར་ཆེན་པོ་བྱུང་བའི་བསྡུས་རིས་འདིས་དུས་རབས་ཀྱི་འཕོ་འགྱུར་ཟིན་ཐོར་བཀོད་པ་དང་གཉིས་སུ་མ་མཆིས།

    563144_yis_1540958630914.jpg

    འདི་ནི་ཆུ་མོ་ལྡེ་གྲོང་ཚོའི་གྲོང་མི་དངོས་གྲུབ་རྒྱ་མཚོའི་དཀར་དམར་འདྲེས་མའི་སྡོད་ཁང་གསར་པ“རབས་བཞི་པ”ཡིན་པ།

    563143_yis_1540958630212.jpg

    འདི་ནི་ཆུ་མོ་ལྡེ་གྲོང་ཚོའི་གྲོང་མི་དངོས་གྲུབ་རྒྱ་མཚོ་ཁོང་གི་སྡོད་ཁང“རབས་གསུམ་པའི”མདུན་དུ་ཡོད་པ།

    563142_yis_1540958629448.jpg

    འདི་ནི་ཆུ་མོ་ལྡེ་གྲོང་ཚོའི་གྲོང་མི་དངོས་གྲུབ་རྒྱ་མཚོ་ཁོང་གི་སྡོད་ཁང“རབས་གཉིས་པ”རུ་འཛུལ་བཞིན་པ།

    563141_yis_1540958628730.jpg

    འདི་ནི་ཆུ་མོ་ལྡེ་གྲོང་ཚོའི་གྲོང་མི་དངོས་གྲུབ་རྒྱ་མཚོ་ཐོག་དཔངས་དམའ་ཞིང་དཀར་ཆ་དེ་ཙམ་མི་དོད་པའི་ས་ཁང་ནང་དུ་ཡོད་པ། འདི་ནི་ཁོང་གི་སྡོད་ཁང“རབས་དང་པོ”ཡིན་པ།

    563140_yis_1540958628028.jpg

    འདི་ནི་ཆུ་མོ་ལྡེ་གྲོང་ཚོའི་སྡོད་ཁང་རབས་བཞི་པ་སྟེ། མདུན་གྱི་ས་ཁང་འདི་ནི་སྡོད་ཁང“རབས་དང་པོ”དང་། དེའི་རྒྱབ་ཀྱི་ས་ཕག་དང་ཤིང་ལས་གྲུབ་པའི་ཁང་པ་འདི་ནི་སྡོད་ཁང“རབས་གཉིས་པ” དེའི་འཁྲིས་ཀྱི་སོ་ཕག་དང་རྡོ་ལས་གྲུབ་པའི་ཁང་པ་འདི་ནི་སྡོད་ཁང“རབས་གསུམ་པ”ཐོག་སོ་གཉིས་ཀྱི་ཁང་པ་དཀར་པོ་གསར་རྐྱང་དེ་ནི་སྡོད་ཁང“རབས་བཞི་པ”བཅས་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།