[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མཛོ་སྒང་རྫོང་གིས་མང་ཚོགས་ཀྱི་བྱ་བ་སྒྲུབ་ཐེངས་གཅིག་ལ་སྒྲུབ་པ་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-02

    ཉེ་བའི་ལོ་ཤས་རིང་། མཛོ་སྒང་རྫོང་གིས་དམངས་ལ་ཞབས་འདེགས་ཞུ་བའི་ལས་དོན་སྤེལ་རིང་། “མཐའ་འཁྱོངས་བྱེད་པ་གསུམ”དམ་འཛིན་བྱ་གཞིར་བྱས་ནས་སྲིད་གཞུང་གི་ཞབས་ཞུའི་ནུས་ཕྱོད་རྒྱུན་མཐུད་ངང་ཆེ་རུ་བཏང་བ་དང་སྲིད་གཞུང་གི་ཞབས་ཞུའི་ལས་ཀར་སྐུལ་འདེད་ནུས་ལྡན་བཏང་བ་རེད།

    བརྒྱུད་རིམ་ཚད་ལྡན་དང་གཞུང་དྲང་སྤྱོད་གཙང་མཐའ་འཁྱོངས་བྱས་ཏེ་གཟུགས་བརྙན་གཏོད་པར་དམ་འཛིན་བྱས་ཤིང་། ལས་སྒྲུབ་བརྒྱུད་རིམ་ཚད་ལྡན་བཟོས་པ་དང་། ཡོངས་བསྒྲགས་ཁ་གསལ་བཟོ་ཤུགས་ཆེ་རུ་བཏང་བ། ཁྲིམས་བཞིན་ལས་དོན་སྒྲུབ་པ་དང་སྒྲིག་སྲོལ་ལྟར་ལས་འགན་སྒྲུབ་སྟེ་སྲིད་གཞུང་གི་ཞབས་ཞུའི་དོན་ཚན་མི་རེ་ངོ་རེར་ཡོངས་བསྒྲགས་དང་དྲང་གཞག་ཡོང་བའི་འགན་ལེན་བྱས་ནས་མང་ཚོགས་ཀྱི་བློ་ཡིད་ཚིམས་ཚད་100%ཟིན་པ་བྱས་པས། སྲིད་གཞུང་གི་ཞབས་ཞུར་སྤྱི་མོས་ཐོབ་ཚད་ཆེ་རུ་ནུས་ལྡན་ཕྱིན་ཡོད། དེ་དང་ཆབས་ཅིག་ལས་སྒོ་བྱང་ཆུབ་པ་དང་། སྤྱོད་ཚུལ་ལེགས་པ། ཞབས་ཞུའི་ཧུར་སེམས་ཆེ་བ་བཅས་ཀྱི་ལས་དོན་མི་སྣར་དཔྱད་ཞིབ་ནན་པོ་དང་འདེམས་སྒྲུག་ཞིབ་ཚགས་བྱས་ཏེ་དམངས་ཕན་ཞབས་ཞུའི་ལས་སྒོ་སྒྲུབ་གཉེར་དང་སྒྲིག་འཛུགས་མཐུན་སྦྱོར་སོགས་ཀྱི་འགན་འཁུར་དུ་བཅུག་ཡོད།

    མང་ཚོགས་ལ་ཞབས་ཞུ་དང་མི་སེམས་གཅིག་སྒྲིལ་མཐའ་འཁྱོངས་བྱས་ཏེ་ནུས་པ་འདོན་སྤེལ་ལ་དམ་འཛིན་བྱས་ཤིང་། རྫོང་ཐད་གཏོགས་ཚན་པ་15དང་མཐུན་སྦྱོར་འབྲེལ་མཐུད་བྱས་ཏེ་ཏང་སྲིད་དང་། དམངས་སྲིད། སྤྱི་ཚོགས་འགན་ལེན། མང་ཚོགས་ལས་དོན་སོགས་ཀྱི་དམངས་ཕན་ལས་སྒོའི་སྐར་ཁུང་20བཙུགས་ནས་བློ་འདྲི་བྱ་ཡུལ་དང་། ཐེལ་ཙེ་རྒྱག་ཡུལ། ར་སྤྲོད་ཡི་གེ་འབྲི་ཡུལ་སོགས་གཞི་གཅིག་ཅན་གྱི་ལས་སྟེགས་བཏོད་དེ་མང་ཚོགས་ལས་དོན་སྒྲུབ་སྐབས་སྟབས་བདེ་ཡོང་བར་བྱས་ཡོད། “གཅིག་འཐུས་རྣམ་པའི”ལས་སྒྲུབ་ལ་ཤུགས་སྣོན་བརྒྱབ་པ་དང་། “ལུ་གུ་བརྒྱུད་འབྲེལ”གྱི་ཞབས་ཞུ་དོན་འཁྱོལ་བྱས་ཏེ་མང་ཚོགས་ཀྱི“ལས་དོན་སྒྲུབ་དཀའ་བ་དང་དུས་ཡུན་རིང་པོ་འགོར་བའི”གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ་ཞབས་ཞུའི་ཕན་འབྲས་ཆེ་རུ་ཏན་ཏིག་བཏང་བ་རེད།

    སྤྱི་འདོམས་མཉམ་འགུལ་དང་མཉམ་སྐྲུན་མཉམ་སྤྱོད་མཐའ་འཁྱོངས་བྱས་ནས་མ་ལག་འཛུགས་སྐྱོང་ལ་དམ་འཛིན་བྱས་ཤིང་། སྲིད་དོན་ཞབས་ཞུའི་ལྟེ་གནས་ལ“སྤྱི་འདོམས་ངང་དམ་འཛིན་དང་དོ་དམ”བྱས་པ་དང་། “བརྒྱུད་རིམ་ལེགས་སྒྲིག་དང་། སྡེ་ཚན་གཅིག་གིས་བདག་སྤྲོད་བྱེད་པ། མཉམ་དུ་ཞིབ་མཆན་འགོད་པ། ཆ་འཕྲིན་མཉམ་སྤྱོད”བཅས་ཀྱི་བྱ་ཐབས་སྤྱད་པ། ཚན་རིག་དང་མཐུན་པའི་ཞབས་ཞུའི་ལས་དོན་བཀོད་སྒྲིག་བྱས་ཏེ་ཞབས་ཞུའི་ནང་དོན་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ཡོད། དེ་དང་ཆབས་ཅིག“ལྟེ་གནས་གཅིག་ཕྱི་ལ་ཕྱོགས་པ་དང་སྐར་ཁུང་གཅིག་གིས་སྒྲུབ་གཉེར་བྱེད་པའི”ལས་དོན་གྱི་བླང་བྱ་མཐའ་འཁྱོངས་བྱས་ཏེ་ནང་ཁུལ་འཁོར་སྐྱོད་ལ་ཤུགས་སྣོན་དང་གོང་འོག་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ་བརྒྱུད་རིམ་ཧྲིལ་པོར་ཞབས་འདེགས་ཞུ་ཐུབ་པ་བྱས་ནས་མང་ཚོགས་འགྲོ་རྒྱུག་མང་པོ་བྱེད་དགོས་རིགས་ལས་བྱེད་པ་འགྲོ་རྒྱུག་བྱེད་དགོས་པར་བསྒྱུར་བ་དང་། ཐེངས་མང་སྒྲུབ་གཉེར་བྱེད་དགོས་རིགས་ཐེངས་གཅིག་ལ་སྒྲུབ་གཉེར་ཐུབ་པར་བསྒྱུར་ནས་མང་ཚོགས་ཀྱི་དཀའ་གནད་སྣ་ཚོགས་ཐེངས་གཅིག་ལ་ཐག་གཅོད་ཐུབ་པར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།