[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གཞིས་རྩེས་སྤྱི་ཚོགས་འགན་བཅོལ་གྱི་དབུལ་སྐྱོར་ལས་དོན་ཏན་ཏིག་སྒྲུབ་པ།

    ​ འདི་ལོ་མ་མཐའི་འཚོ་བ་འགན་ལེན་དངུལ་སྒོར་ཁྲི་8549.44སྤྲད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-08

     གྲོང་ཁྱེར་ཡོངས་ཀྱི་མི་འབོར་དབུལ་པོ་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པ་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་གཞི་གྲངས་གསལ་རྟོགས་ཐུབ་པ་དང་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་སྤྱི་ཚོགས་འགན་ལེན་གྱི་མཐའ་སྐྱོང་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་འགན་ལེན་བྱེད་དགོས་ངེས་ལ་འགན་ལེན་བྱེད་པ་དང་རོགས་སྐྱོར་བྱེད་དགོས་ངེས་ལ་རོགས་སྐྱོར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཚོགས་ཀྱི་མཐའ་སྐྱོང་བྱ་ཡུལ་གནད་འཁེལ་ཡོང་བ་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་རྫོང(ཆུས)18ཀྱི་དམངས་སྲིད་སྡེ་ཚན་སྒྲིག་འཛུགས་བྱས་ནས་འདི་ལོའི་ཟླ་5པའི་ཟླ་དཀྱིལ་ནས་བཟུང་གཞི་རིམ་དུ་བསྐྱོད་པ་དང་མང་ཚོགས་ཀྱི་འགྲམ་དུ་ཡོང་སྟེ་དབང་པོ་སྐྱོན་ཅན་དང་། ཡུན་རིང་ནད་གཞི་ཕོག་པ། ན་རྒས་ལུས་གཅོང་དང་ངལ་ནུས་ཤོར་བ་སོགས་ཀྱི་ཉམས་ཞན་ཚོགས་སྤྱིར་སླར་ཡང་མཐིལ་རྟོགས་བྱས་ནས་ཆ་རྐྱེན་དང་མི་འཚམ་པ་མཐའ་སྐྱོང་བྱ་ཡུལ་ཁོངས་ནས་ཕྱིར་འཐེན་པ་དང་ཆ་རྐྱེན་དང་འཚམ་རིགས་མཐའ་སྐྱོང་བྱ་ཡུལ་དུ་བཅུག་པ་རེད། འདི་ལོའི་ཟླ་8པའི་ཟླ་མཇུག་བར་གྲོང་ཁྱེར་ཡོངས་ཀྱི་མཐའ་སྐྱོང་བྱ་ཡུལ་9361ཡོད་པ་དང་དུས་མཚུངས་སུ་གྲོང་ཁྱེར་དེས་རིམ་ཁག་ནོར་སྲིད་ཀྱིས་དུས་ཐོག་ཏུ་སྲིད་ཇུས་མ་དངུལ་བཏོན་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་བསྐོང་རྒྱུའི་བླང་བྱ་བཏོན་པ་རེད། མིག་སྔར་མ་མཐའི་འཚོ་བ་འགན་ལེན་མ་དངུལ་སྒོར་ཁྲི་8549.44བཏང་བ་དེའི་ནང་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་མ་དངུལ་སྒོར་ཁྲི་1066.97ཟིན་པ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་མ་དངུལ་སྒོར་ཁྲི་7482.47ཟིན་གྱི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།