[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་དམངས་ཡོངས་ཀྱིས་དཔེ་དེབ་ལྟ་ཀློག་བྱེད་པའི་རྣམ་པ་གཏོད་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-07

     དམངས་ཡོངས་ཀྱི་དཔེ་དེབ་ལྟ་ཀློག་བྱེད་སྒོ་ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ་དང་དགོན་སྡེ་ཁག་ཏུ་རྒྱ་ཁྱབ་ངང་སྤེལ་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་དང་རྒྱ་ཆེའི་མང་ཚོགས་དང་གྲྭ་བཙུན་ལ་དེ་བས་སྟབས་བདེ་དང་། མྱུར་པོ། དངོས་ཡོད་བཅས་ཀྱི་ལྟ་ཀློག་ཆ་འཕྲིན་མཁོ་འདོན་བྱ་ཆེད། ཉེ་ཆར། ཁྲེང་ཀོན་ཆུས་ཀྱིས་སྡེ་ཁུལ་51དང་དགོན་སྡེ་19ཡི་དཔེ་དེབ་ཁང་ལ་དཔེ་དེབ་ཁ་གསབ་དང་། གསར་བརྗེ། སྡེབ་སྐྱེལ་བཅས་དང་དེ་བཞིན་དཔེ་སྒྲོམ་ཐོག་དཔེ་དེབ་སྒྲིག་པའི་ལས་དོན་སྤེལ་བ་རེད།

    སྡེ་ཁུལ་51ལ་ཁྱོན་དེབ་3876ཁ་གསབ་དང་། གསར་བརྗེ། སྡེབ་སྐྱེལ་བཅས་བྱས་པར་ནང་དོན་ཁྲོད་ཆབ་སྲིད་དང་། ཁྲིམས་ལུགས། འཕྲོད་བསྟེན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། བྱིས་པའི་ཤེས་བྱ་སོགས་ཚུད་ཡོད་པ་དང་། དགོན་སྡེ་19ལ་དེབ་1159སྡེབ་སྐྱེལ་བྱས་པར་ནང་དོན་ལ་ཆབ་སྲིད་དང་། ཁྲིམས་ལུགས། ནང་བསྟན། བོད་སྨན། གནམ་དཔྱད། བརྡ་སྤྲོད་སོགས་ཚུད་ཡོད། དེ་ལས་སྡེ་ཁུལ་དང་དགོན་སྡེའི་དཔེ་དེབ་ཁང་གི་དཔེ་དེབ་གསོག་འབོར་མང་དུ་ནུས་ལྡན་ཕྱིན་པ་མ་ཟད། ་མང་ཚོགས་དང་གྲྭ་བཙུན་གྱི་དཔེ་དེབ་ལྟ་ཀློག་ཐོན་ཁུངས་ཕུན་སུམ་ཚོགས་སུ་ཕྱིན་ཡོད། དཔེ་དེབ་ཁ་གསབ་དང་གསར་བརྗེ་བྱས་པ་བརྒྱུད་སྡེ་ཁུལ་དང་དགོན་སྡེའི་དཔེ་དེབ་ཁང་ཉིད་རྒྱ་ཆེའི་མང་ཚོགས་དང་གྲྭ་བཙུན་གྱིས་ཤེས་བྱ་སྦྱོང་བ་དང་། ཚན་རིག་སྦྱོང་བ། རྒྱལ་གཅེས་ཆོས་གཅེས་བཅས་ཀྱི་རིག་གནས་གཡུལ་ས་གལ་ཆེན་དུ་དངོས་སུ་གྱུར་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ལྷ་ས་གྲོང་ཁྱེར་གྱིས་རིམ་པ་ཁག་གི་རིག་གནས་ཁང(ས་ཚིགས)75དང་། རིགས་ཁག་གི་རྟེན་རྫས་བཤམས་མཛོད་ཁང་6 ཞིང(འབྲོག)ཁྱིམ་དང་། སྡེ་ཁུལ། དགོན་སྡེ་བཅས་ཀྱི་དཔེ་དེབ་ཁང་459བསྐྲུན་ཟིན་ནས་གྲོང་གསེབ་ཀྱི་རིག་གནས་གཡུལ་ས་འཛུགས་སྐྲུན་ཐད་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་པ་གསུམ་གྱི་སྤྱི་པའི་རིག་གནས་སྒྲིག་བཀོད་ཀྱི་དྲ་རྒྱ་ཡོངས་ཁྱབ་ཐུབ་ནས་མི་སེར་གྱི་བདེ་སྐྱིད་དམིགས་ཚད་གལ་ཆེན་ཞིག་ཏུ་གྱུར་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།