[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷོ་ཁ་གྲོང་ཁྱེར་གྱི་ཤ་ཚལ་སྒོང་གསུམ་འདུ་འགོད་ཀྱི་འཕྱོངས་རྒྱས་ཁུལ་གྱི་རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-08

    538244_yis_1533184791548_s.jpg

    འདི་ནི་ནོར་ཁྱུང་གྲོང་རྡལ་པ་སྣམ་ལྗང་མདོག་སྔོ་ཚལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་དྲོད་ཁང་ཆེ་མོའི་ནང་ས་གནས་དེ་གའི་མང་ཚོགས་ཀྱིས་ལྗང་པ་གསོ་བའི་གནས་ཚུལ་ཡིན་པ།

    ལྷོ་ཁ་གྲོང་ཁྱེར་གྱི་ཤ་ཚལ་སྒོང་གསུམ་འདུ་འགོད་ཀྱི་འཕྱོངས་རྒྱས་ཁུལ་གྱི་རྣམ་གྲངས་འདི་ལོའི་ཟླ་3ཚེས་2ཉིན་ཕྱོགས་ཡོངས་ནས་ལས་འགོ་བཙུགས་པ་དང་། མིག་སྔར་རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད། ལྷོ་ཁ་གྲོང་ཁྱེར་གྱི་ཤ་ཚལ་སྒོང་གསུམ་འདུ་འགོད་ཀྱི་འཕྱོངས་རྒྱས་ཁུལ་གྱི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་13879.55བཏང་བ་དང་། རྣམ་གྲངས་ཀྱི་སྤྱིའི་རྒྱ་ཁྱོན་མུའུ་1010.23ཟིན་པ། དེ་བཞིན་ཉི་འོད་དྲོད་ཁང་338དང་། ལྗང་གསོ་དྲོད་ཁང་20 རིག་ནུས་དྲོད་ཁང་1 དོ་དམ་ཁང་། མཛོད་ཁང་། གྲང་འཇོག་ལྟེ་གནས་བཅས་གཙོ་བོར་བཟུང་ནས་བསྐྲུན་རྒྱུ་རེད། རྣམ་གྲངས་བསྐྲུན་ཟིན་རྗེས་སྲོལ་རྒྱུན་ཞིང་ལས་སྒྱུར་བཀོད་བྱས་ནས་ཁྱབ་ཁོངས་ཀྱི་ཁྱད་ཆོས་དང་ཁྲོམ་རའི་འགྲན་རྩོད་ཀྱི་ནུས་པ་ལྡན་པའི་ལྗང་མདོག་སྔོ་ཚལ་གྱི་གཙོ་ཁྲིད་ཐོན་ལས་ཤིག་ཆགས་པ་བྱ་རྒྱུ་དང་འདེབས་འཛུགས་ལས་རིགས་ཀྱི་ནང་ཁུལ་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ། ཞིང་ལས་ཐོན་འཕར་ལ་སྐུལ་འདེད་གཏོང་རྒྱུ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད།

    ལྷོ་ཁ་གྲོང་ཁྱེར་གྱི་ཤ་ཚལ་སྒོང་གསུམ་འདུ་འགོད་ཀྱི་འཕྱོངས་རྒྱས་ཁུལ་གྱི་རྣམ་གྲངས་དེ་ལྷོ་ཁ་ཡར་ཀླུང་སྣོད་བཅུད་ཞིང་འབྲོག་ལས་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བ་དང་སྣེ་འདྲེན་ཁེ་ལས་ཀྱིས་སྣེ་ཁྲིད་དང་། མངགས་ཉོ་ཐོན་སྐྱེད། ཞིང་དུད་གཉེར་སྐྱོང་། ལས་སྣོན་ཞིབ་ཚགས། ཐོན་རྫས་ཐད་ཚོང་བཅས་ཀྱི“ཕྱོགས་ལྔ་གཞི་གཅིག”གི་གཉེར་སྐྱོང་རྣམ་པ་སྤྱོད་རྒྱུ་རེད། རྣམ་གྲངས་བསྐྲུན་ཟིན་རྗེས་རྣམ་གྲངས་ཁུལ་གྱི་ཉེ་འགྲམ་གྱི་དུད་ཚང་དབུལ་པོ་100ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་རྒྱུ་དང་དུད་ཚང་རེར་ལོ་རེར་ཆ་སྙོམས་དངུལ་སྨར་ཡོང་འབབ་སྒོར་3500ཡན་འཕར་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།