[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཁྱིམ་གཞིས་ལྷག་པར་མཛེས། མི་དམངས་བདེ་ཞིང་སྐྱིད།

    ལྷོ་ཁ་གྲོང་ཁྱེར་གྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-08

    519015_yis_1528173765984.jpg

    འདི་ནི་ལྷོ་ཁ་གྲོང་ཁྱེར་ཡར་ཀླུང་ཁྱིམ་གཞིས་སུ་ཨང་ཀི་བསྒྲུགས་ནས་ཁང་པ་ལེན་པའི་གནས་ཚུལ་ཡིན་པ།

    ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་འཛུགས་སྐྲུན་གྱི་རྣམ་གྲངས་ཁག་གཅིག་བདེ་བླག་ངང་བསྐྲུན་ནས་སྤྱོད་འགོ་ཚུགས་པ་ལས། ལྷོ་ཁ་གྲོང་ཁྱེར་དུ་གྲོང་གསེབ་ཀུན་ལ་བསྲིངས་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་དྲ་བ་ཞིག་ཆགས་པ་དང་། སྤྱི་པའི་སྒྲིག་བཀོད་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཏེ་གྲོང་ཁྱེར་གྱི་རྣམ་པ་གསར་རྐྱང་དུ་གྱུར་ཞིང་། “ཡིད་དབང་འཕྲོག་པའི་ལྷོ་ཁ”ཞིག་འཛམ་གླིང་གི་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཡོད།

    སྡོད་སའི་ཁང་པ་ཡོད་ཅིང་མང་ཚོགས་བདེ་སྐྱིད་འཚོ་བར་རོལ་བ།

    “སྡོད་སའི་ཁང་པ་དཀོན་པ”ནི་མང་ཚོགས་ལ་འཕྲད་པའི་དཀའ་ངལ་ཆེ་ཤོས་ཤིག་ཡིན་ཞིང་། ཉེན་ཡོད་ཁང་པར་སྡོད་པའི་མང་ཚོགས་ཕལ་ཆེ་བའི་ཡོང་འབབ་དམའ་བས་རང་ངོས་ཀྱི་ནུས་པར་བརྟེན་ནས་སྡོད་ཁང་ལེགས་སུ་གཏོང་ཐབས་བྲལ།

    འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་གཞུང་དོན་ཁང་བཙུགས་ཏེ་གྲོང་ཁྱེར་ཡོངས་ཀྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་སྤྱི་འདོམས་དང་། རྫོང་དང་ཆུས་ཁག་གི་ལོ་འཁོར་གྱི་ལས་འགོ་འཛུགས་པ་དང་ལས་མཇུག་འགྲིལ་བའི་རྣམ་གྲངས་ཀྱི་འཆར་གཞི་གཅིག་གྱུར་ངང་བཟོས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ལྷོ་ཁ་གྲོང་ཁྱེར་གྱི་དམིགས་ཚད་ནང་བཅུག་པ་དང་། ལས་མཇུག་སྤྱིར་ན་འགྲིལ་ནས་སྤྱོད་འགོ་ཚུགས་པའི་འགན་ལེན་རང་བཞིན་གྱི་སྡོད་ཁང་རྣམ་གྲངས་167གྱི་སྡོད་ཁང་15976དང་། ལས་འགོ་བཙུགས་ནས་སྐྲུན་བཞིན་པའི་རྣམ་གྲངས་9ཡི་སྡོད་ཁང་894ཟིན་པའི་ཁྲོད་ལས་ཤག་296དང་སྤྱི་པའི་བོགས་གཏོང་ཁང་པ(ཁང་གླ་ཁེ་བའི་སྡོད་ཁང་ཚུད་པ)598ཡོད་པ་རེད།

    སྒྲིག་བཀོད་ལེ་ལག་ཚང་ཞིང་ཞི་མཐུན་གྱི་མི་སྡོད་ཁོར་ཡུག་ཅིག་བསྐྲུན་པ།

    ཁང་པ་ཡག་པོ་བསྐྲུན་རྒྱུ་ནི་རྨང་གཞི་ཙམ་མིན་པ་དང་། ཁྲིམས་དང་གཏན་འབེབས་བཞིན་ཁང་པ་བོགས་གཏོང་དང་ཕྱིར་འཚོང་བྱས་ནས་ཡོངས་བསྒྲགས་དང་། དྲང་གཞག དྲང་བདེན་ཡོང་བར་བྱེད་པ་ནི་མང་ཚོགས་ཀྱིས་དོ་ཁུར་བྱ་ཡུལ་ཡིན་ལ། ལྷོ་ཁ་གྲོང་ཁྱེར་གྱིས་འབད་བརྩོན་བྱེད་པའི་ཁ་ཕྱོཌ་ཀྱང་རེད།

    ལྷོ་ཁ་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་ངག་དབང་རྣམ་རྒྱལ་གྱིས་ཞི་མཐུན་གྱི་མི་སྡོད་ཁོར་ཡུག་ཅིག་བསྐྲུན་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་རྩེད་ཐང་གྲོང་རྡལ་ལྟེ་བར་བྱས་པའི་གྲོང་ཁུལ་དང་རྫོང་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད། རྩེད་ཐང་གྲོང་རྡལ་གྱི་ལྟེ་བའི་གྲོང་ཁུལ་གྱི་རྩེད་ཐང་ལམ་ཆེན་དང་ཞི་བདེའི་ལམ་གྱི་དུས་ཐེངས་དང་པོའི་ལས་གྲྭ་མཇུག་འགྲིལ་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་བསྟུན་ཚོང་འདུས་ལམ་བཟོ་བའི་ལས་གྲྭ་དང་འཁྱམ་ཁྱི་གསོ་ཉར་ལྟེ་གནས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། ཤམ་ཆུའི་ནུབ་ལམ(རྩེད་ཐང་ལམ་ཆེན་ནས་མཐའ་མཚམས་སུ་བསྐྱོད་པའི་གཞུང་ལམ)རྣམ་གྲངས་སྤྱིར་ན་བསྐྲུན་ཟིན་པ། ལྷོ་ཁ་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་ཡུལ་གཞན་དུ་སྤོ་བའི་རྣམ་གྲངས་དང་ལྷོ་ཁ་གྲོང་ཨུད་ཏང་གི་སློབ་གྲྭ་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ཁྱོན་ཡོངས་ནས་ལས་འགོ་བཙུགས་པས། ལྷོ་ཁ་གྲོང་ཁྱེར་གྱི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་ནས་མཛེས་སྡུག་ལྡན་པའི་ལྷོ་ཁ་ཞིག་གཏོད་རྒྱུ་ནི་འབོད་ཚིག་ཙམ་མ་ཡིན་པར་དངོས་དངོས་རྗེན་རྗེན་གྱི་དོན་དངོས་སུ་གྱུར་ཡོད།

    རང་འགུལ་ངང་བྱས་རྗེས་བཞག་ཅིང་བྱ་བཟང་ཏན་ཏིག་ངང་བསྒྲུབས་པ།

    ཁང་པ་ཆུང་ཡང་མང་ཚོགས་ཀྱི་འཚོ་བ་དང་དམ་པོར་སྦྲེལ། ལྷོ་ཁ་གྲོང་ཁྱེར་གྱིས་དམངས་འཚོའི་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཏེ“སྡོད་སའི་ཁང་པ་ཡོད་པ”དེ་ལས་ཀའི་གཙོ་གནད་དུ་བརྩིས་ནས་དམ་འཛིན་ནན་པོ་དང་ཏན་ཏིག་བྱས་ནས་ཕན་འབྲས་ལེགས་པོ་ཐོན་ཡོད།

    ངག་དབང་རྣམ་རྒྱལ་གྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མཐོང་ཆེན་པོ་གནང་བ་དང་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱི་ཐུན་མོང་གི་འབད་བརྩོན་འོག ད་ཆ་ལྷོ་ཁ་གྲོང་ཁྱེར་གྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་མཁོ་སྤྲོད་འདང་ངེས་བྱུང་ནས་ཐེམ་ཐོ་ཡོད་པའི་མ་མཐའི་འཚོ་བ་འགན་ལེན་དང་ཡོང་འབབ་དམའ་བའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་སོགས་འགན་ལེན་བྱེད་དགོས་རིགས་ལ་འགན་ལེན་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་སྡོད་ཁང་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སྡོད་ཁང་གི་གཞི་རྩའི་འགན་སྲུང་དམིགས་ཡུལ་སྤྱིར་ན་གྲུབ་ཅིང་། རྣམ་པ་དང་ཐབས་ལམ་མང་ལ་ཁྱབ་རྒྱ་ཆེ་བའི་སྒྲོམ་གཞི་ཞིག་སྤྱིའི་ཆ་ནས་བསྐྲུན་ཐུབ་སྟེ། འགན་ལེན་རང་བཞིན་གྱི་སྡོད་ཁང་གི་དམངས་ཕན་སྲིད་ཇུས་ལས་སྡོད་ཁང་ལ་དཀའ་ངལ་ཡོད་པའི་ཡོང་འབབ་དམའ་བའི་ཁྱིམ་ཚང་དང་། སྡོད་ཁང་ཐག་གཅོད་བྱེད་དགོས་རིགས་ཀྱི་ཁྱིམ་ཚང་སྔར་བས་མང་བར་ཕན་པ་ཐོབ་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།