[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ཀྱི་གཞུང་བཙུགས་བོད་ལུཌ་གསོ་རིག་སྨན་བཅོས་སྒྲིག་གཞིས་ལོར་མི་ཐེངས་ཁྲི་329ལྷག་ཙམ་ལ་སྨན་བཅོས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-14

    གསར་འགོད་པར་ཤེས་རྟོགས་བྱུང་བར་། ལོ་ལྔའི་རིང་། བོད་ཀྱིས་བོད་ལུགས་གསོ་རིག་གི་ཞབས་ཞུའི་མ་ལག་གཏོད་རྒྱུའི་ཐད་མ་དངུལ་འབོར་ཆེན་བཏང་བ་དང་། མིག་སྔར་ལྗོངས་ཡོངས་སུ་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་བོད་ལུགས་གསོ་རིག་ཁང་549བསྐྲུན་པ་དང་། བཅུ་ཆ་དྲུག་ཡན་གྱི་རྫོང་ཚང་མར་རྫོང་རིམ་པའི་བོད་སྨན་བསྐྲུན་ཞིང་། ད་ཆ་ཡོད་པའི་གཞུང་བཙུགས་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞི་56གིས་ལོར་མི་ཐེངས་ཁྲི་329ལྷག་ཙམ་ལ་སྨན་བཅོས་བྱས་ཡོད། གཞི་རིམ་གྱི་བོད་ལུགས་གསོ་བ་རིག་པའི་ཞབས་ཞུའི་ནུས་པ་དང་ཆུ་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ནད་གཞི་ཆུང་རིགས་རྫོང་ནས་སྨན་བཅོས་ཐུབ་པ་དང་། རྒྱུན་མཐོང་ནད་དང་། ཡུལ་ནད། གཅོང་ནད་བཅས་ཡུལ་དེ་ག་ནས་སྨན་བཅོས་ནུས་ལྡན་ཐུབ་ཀྱི་ཡོད།

    བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡན་པིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་ད་ཆ་ཡོད་པའི་བོད་ལུགས་གསོ་རིག་གི་སྨན་ཁང་གི་ཚད་གཞི་རིམ་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། བཞད་མཐོང་སྨོན་རྫོང་སོགས་རྫོང་རིམ་པའི་བོད་ལུགས་སྨན་ཁང་4དང་ཤང་དང་གྲོང་རྡལ་75ཡི་འཕྲོད་བསྟེན་ཁང་གི་བོད་ལུགས་གསོ་རིག་ཁང་གི་འཛུགས་སྐྲུན་ལས་དོན་གཙོ་གནད་ཐོག་ཡག་པོ་བསྒྲུབ་རྒྱུ་རེད། དེ་དང་ཆབས་ཅིག་ནད་འགོག་དང་དྲག་སྐྱེད་སྨན་བཅོས་ཐད་ཀྱི་བོད་ཀྱི་གསོ་བ་རིག་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། བོད་ཀྱི་གསོ་བ་རིག་པའི་ཞབས་ཞུའི་མ་ལག་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཁར། བདེ་ཐང་བོད་ལྗོངས་འཐབ་ཇུས་ལ་དམིགས་ནས་ལག་ལེན་བསྟར་ཏེ། བོད་ཀྱི་གསོ་བ་རིག་པའི་ལས་དོན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།